[A:86]རྙེད། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སྨན་བླ་མཆེད་བདུན་གྱི་རྗེས་གནང་དང་། སྨན་བླའི་མདོ་བརྒྱད་བརྒྱ་པ། མཁན་པོ་ཞི་བ་འཚོས་མཛད་པའི་མདོ་ཆོག་དང་བཅས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ། བོ་དྷི་སཏྭ་ཆེ་ཆུང་། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་རྗེ། ལྷ་བཙུན་བྱང་ཆུབ་འོད། ཟླ་རྒྱལ། དབང་པོ་ལོ་ཙཱ་བ། དགྲ་བཅོམ་པ་རྒྱལ་མཚན། དབང་མཛེས། ཡོན་ཏན་དབང་། བྱ་ཡུལ་བ་དཔལ་མཛེས། ཡོན་ཏན་བཟང་པོ། དབུ་མཛད་སྟོན་ཡོན། མཁན་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་གྲགས་པ་དཔལ། བྱང་སེམས་བསོད་ནམས་བཟང་པོ། བླ་མ་ཆོས་བྱང་པ། བླ་མ་མ་ཏིའི་མཚན་ཅན། ཆོས་རྗེ་བཀའ་འགྱུར་བ། ཆོས་རྗེ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས། རིན་པོ་ཆེ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན། བཅོམ་ལྡན་འདས་ཐུབ་པ་ཆེན་པོ། འཇམ་དཔལ། བོ་དྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཨ་ཏི་ཤ ཏེ་སེ་བ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཨོང་པོ་ལོ་ཙཱ་བ། དགྲ་བཅོམ་རྒྱལ་མཚན། གྱ་བ་དབང་མཛེས། ཡོན་ཏན་དབང་ཕྱུག བླ་མ་ཇོ་གདན། ཤངས་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་ཀ་བཞི་པ། རིགས་པའི་སེང་གེ མཁན་པོ་དཀོན་མཆོག་རྒྱལ་མཚན། འདུལ་བ་འཛིན་པ་གྲགས་