[A:87]པ་སེང་གེ བླ་མ་བློ་བཟང་པ། མཁྱེན་རབ་རིན་ཆེན་མཆོག་གྲུབ། སྤྱན་སྔ་ངག་དབང་ཆོས་གྲགས་མན་ཆད་སྔར་དང་འདྲ། ༈ །རྗེ་བཙུན་ཛམྦྷ་ལ་དཀར་པོ་འབྲུག་བཞོན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ཇོ་བོ་རྗེ་ཨ་ཏི་ཤ རྒྱ་བརྩོན་འགྲུས་སེང་གེ ནག་ཚོ་ལོ་ཙཱ་བ། བཤེས་གཉེན་སྟོན་པ། དགེ་བཤེས་པོ་ཏོ་བ། ཤ་ར་བ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། སྤྱན་སྔ་བསོད་ནམས་འཕེལ། ཀ་བཅུ་པ་གཞོན་ནུ་སེང་གེ སྲིབ་རི་བ་གཞོན་ནུ་རྒྱལ་མཚན། ལྷ་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་གྲུབ་པ། རིན་པོ་ཆེ་སངས་རྒྱས་འོད་ཟེར། རིན་པོ་ཆེ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་དང་། དེའི་ལས་ཚོགས་ཡོངས་རྫོགས་ཀྱི་ཡི་གེ་ནག་པོ་འགྲོ་ཤེས་རྡོ་རྗེ་འཛིན་པ་ནམ་མཁའི་མཚན་ཅན་གྱིས་མཛད་པའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མགོན་པོ་ཉིད། ར་ཧུ་ལ་གུཔྟ་བཛྲ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་སྙན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། ཆོས་རྗེ་བྱམས་པ་དཔལ། ཆོས་རྗེ་ཀུན་དགའ་བཀྲ་ཤིས། སྤྱན་སྔ་རིན་ཆེན་ཀུན་དགའ་རྒྱལ་མཚན། རྗེ་སངས་རྒྱས་སེང་གེ སངས་རྒྱས་རྡོ་རྗེ། ཐར་པ་དཔལ་