[A:97]དབང་པོ། རྗེ་བཙུན་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོ། བྱམས་པ་ངག་དབང་བསོད་ནམས་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཀླུ་གདོན་གྱི་གཉེན་པོ་འཇམ་དཔལ་ན་ག་རཀྵའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཤ་རིའི་བུ། ཀླུ་སྒྲུབ། ཧཱུྃ་མཛད། སློབ་དཔོན་པདྨ། ཁྲི་སྲོང་ལྡེའུ་བཙན། སྣུབ་རིན་པོ་ཆེ། ཆོས་རྒྱལ་རིན་ཆེན་གླིང་པ། དམར་སྟོན་པ།
འདིའི་བར་དུ་བླ་མ་ཁ་ཅིག་བརྟག
ཞིག་པོ་གླིང་པ་སྣ་ཚོགས་རང་གྲོལ། ཤེས་རབ་རིན་ཆེན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གཟའ་བདུད་ར་ཧུ་ལའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། ཕྱག་ན་རྡོ་རྗེ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་མི་ཏྲ། བི་མ་ལ་མི་ཏྲ། ཨུ་རྒྱན་ཆེན་པོ། ཉང་ཏིང་ངེ་འཛིན་བཟང་པོ། ཁྲི་སྲོང་ལྡེའུ་བཙན། ལྡང་ང་ལྷུན་རྒྱམ། སེང་གེ་དབང་ཕྱུག མཁས་པ་ཉི་འབུམ། གུ་རུ་ཇོ་འབར། ཀུ་མ་རཱ་ཛ། ཀློང་ཆེན་རབ་འབྱམས་པ་བྱམས་པ་དཔལ། ཀུན་བཟང་རྩེ་པ། ཡེ་ཤེས་དཔལ། རྣམ་རྒྱལ་མགོན་པོ། རྣམ་རྒྱལ་དཔལ་བཟང་། སངས་རྒྱས་བློ་གྲོས།འདི་ན་གཅིག་ཡོད་དེ་མ་ཤེས།
སྦས་པའི་རྣལ་འབྱོར་དོན་གྲུབ་རྣམ་རྒྱལ།གོང་དཀར་བ།
ཀུན་དགའ་གཞན་ཕན་བཟང་པོ།ལྕམ་ཟམ་པ།
སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་