R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 98
[A:98]གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྟ་མགྲིན་ཇོ་ལུགས་ཤྭ་ན་བཞི་སྐོར་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྟ་མགྲིན། ཡུམ་གསང་བ་ཡེ་ཤེས་ཌཱ་ཀི སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་ས་ལི་ཆེ་ཆུང་། དི་པཾ་ཀ་ར་ཤྲཱི་ཛྙཱ་ན། ཡོལ་གྲུབ་ཐོབ་ཆོས་དབང་། མཐའ་བཞི་གྲུབ་ཐོབ། རིན་ཆེན་སྨོན་ལམ། རིན་པོ་ཆེ་ལམ་པ། བླ་མ་ཡེ་ཤེས་འོད། སློབ་དཔོན་ལེགས་པ་ཤེས་རབ། བླ་མ་བྱང་ཆུབ་རིན་ཆེན། སློབ་དཔོན་བྱང་ཆུབ་གཞོན་ནུ། མཁན་ཆེན་བྱམས་པ་རིན་ཆེན། མཁས་བཙུན་བྱང་སེང་པ། ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ། བསོད་ནམས་ལྷའི་དབང་པོ། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན། དང་པོའི་སངས་རྒྱས། དགེ་སློང་མ་དཔལ་མོ། དགེ་སློང་མ་དཔལ་གྱི་བཟང་པོ། ཡེ་ཤེས་བཟང་པོ། ཇོ་བོ་རྗེ་མན་འདྲ། ༈ རྟ་མགྲིན་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་དང་། དེའི་ཡི་གེ་རྗེ་ཚར་ཆེན་གྱིས་མཛད་པ་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད། བཅོམ་ལྡན་འདས་རྟ་མགྲིན། རིག་འཛིན་དབང་མོ་གྲུབ་པའི་རྒྱལ་མོ། ཏི་ཕུ་པ། རས་ཆུང་བ། རྗེ་མི་ལ་རས་པ། དྭགས་པོ་ལྷ་རྗེ། མཐའ་རྩ་བ། འབྲི་ཁུང་བ། སྤྱན་སྔ་བ། ཡང་དགོན་པ། སྤྱན་སྔ་རིན་ཆེན་ལྡན། ཟུར་ཕུག་པ། རྗེ་འབའ་ར་བ་རྒྱལ་མཚན་དཔལ་བཟང་། བྱ་བཏང་རི་ཁྲོད་རས་ཆེན། འཇམ་དབྱངས་