R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 161
[A:161]བརྒྱུད་པོ་ཏི་དཀར་ཆག་ནང་བཞུགས་ཆ་ལག་དང་བཅས་པ་ཡོངས་རྫོགས་ནོས་པའི་བརྒྱུད་པ་ཐོས་ཡིག་མ་མོར་གསལ་བ་ལྟར་ཡིན། ༈ །ཡང་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་ཚར་ཆེན་གྱིས་རྡོ་རིང་པའི་གསུང་ལ་ཟིན་བྲིས་མཛད་པའི་འབའ་ར་ལུགས་ཀྱི་ཚེ་ཁྲིད་ཚར་ཆོས་དང་བཅས་པའི་ལུང་། ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེས་ཟིན་བྲིས་མཛད་པའི་ལུང་གི་སྐོར་ལ། འཇིགས་བྱེད་ར་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ཡིག ལམ་འབྲས་ཀྱི་ཁོག་ཕུབ། ཆོས་སྣ་དྲུག་བཅུའི་ངོས་འཛིན་སོགས་ཀྱི་ཡི་གེ ལམ་འབྲས་ཀྱི་ཆོས་འབྱུང་རྒྱས་པ། སྣང་གསུམ་གྱི་ཁྲིད་ཡིག འཁོར་འདས་དབྱེར་མེད་ཀྱི་ལྟ་ཁྲིད་རྒྱས་པ། བུམ་དབང་གི་ལམ་གྱི་ཁྲིད། གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས། བསྐྱེད་རིམ་གྱི་བཤད་པ། སྤྲོས་མེད་ཀྱི་ཁྲིད་ཡིག་རྒྱས་པ། གསང་འདུས་རིམ་ལྔའི་ཁྲིད་ཡིག སུམ་བྷ་ལོ་ཙཱ་བའི་བློ་སྦྱོང་གི་ཁྲིད་ཡིག སྤྱན་རས་གཟིགས་ཁརྶ་པ་ནི་ལ་བརྟེན་པའི་སྙིང་པོ་དོན་གསུམ་གྱི་ཡི་གེ སེམས་ཉིད་ངལ་བསོའི་ཁྲིད་ཡིག་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ཤྲཱི་ས་སྐྱ་པ་ཨ་ནནྡ་ལའོ། ༈ །ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་འབུམ་གྱི་ཁྲོད་ནས་ལུང་ཐོབ་པ་ལ། ཡོན་ཏན་རྒྱ་མཚོ་མའི་འགྲེལ་པ། བཤེས་སྤྲིང་གི་ཊཱི་ཀ བཟང་སྤྱོད་ཀྱི་འགྲེལ་པ། ཀྱཻ་རྡོར་དཀྱིལ་ཆོག་གི་བྲི་བའི་རང་ལན། པོད་ཆེན་དྲུག་གི་