R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 160
[A:160]ནནྡ་ལའོ། ༈ །ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དྲུང་དུ། མགོན་པོ་སྙན་རྒྱུད་གླེགས་བམ་གྱི་དཀར་ཆག་ན་མི་གསལ་བ་ཐེབ་མེད་ཀྱི་ཆོས་སྣ་མང་དུ་ནོས་པའི་རྣམ་གྲངས་ལ། བྲན་བདུད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པའི་ཡི་གེ་བཀའ་རྒྱ་མ། བསྙེན་པའི་ཞལ་གདམས་ཚིགས་བཅད་མ། གཏོར་སྒྲུབ་ཀྱི་ལྷན་ཐབས་དངོས་གྲུབ་རོལ་མཚོ། གཏོར་མ་གསུམ་གྱི་རྣམ་བཤད་རྣམས་སོ། །རྨི་ལྟས་ངན་པ་བཟློག་པ་ཟབ་པ་རླུང་གི་འཁོར་ལོ་བྱ་བ་ཞིག་ཀྱང་ཐོབ། ༈ །ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་གི་གསུང་གི་སྐོར་ལ། འཕྲིན་ལས་འདོད་དོན་གསོལ་གདབ། མགོན་པོའི་ཆོས་སྐོར་ཐོབ་ཚུལ་ཚིགས་བཅད་མ། ནག་པོ་ཆེན་པོ་ལ་གསོལ་བ་གདབ་པ། ལྷ་བརྒྱད་སྦྲགས་སྒྲུབ་ཀྱི་ཕྱི་རོལ་མཆོད་པ། ལས་བཞིའི་མཆོད་པ་གཤོམ་ཚུལ་དང་། སྤོས་སྦྱོར་གྱི་ཟིན་བྲིས། ཁྲོ་བཅུའི་རྗེས་གནང་བྱེད་ཚུལ། ཟངས་གྲི་སྐོར་གསུམ་གྱི་གཏོར་ཆོག སྲུང་འཁོར་གྱི་སྒོ་ནས་བསྙེན་པ་བྱེད་ཚུལ་ཤོག་གཅིག་མ། དྲི་ཆུ་ལ་བརྟེན་པའི་རིམས་སྲུང་ཆུང་ངུ་། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟིན་བྲིས། ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ བྱད་མ་རང་གཤེད་རང་ལ་དབབ་པའི་ཡི་གེ་མཐུ་སྟོབས་རྡོ་རྗེའི་མེ་ཆར་ཏེ་ལུང་རྒྱུན་བཞུགས་པའི་ཡིག་སྣ་བཅུ་གསུམ། ཡང་ཡིག་རྙིང་ལ། གཏོར་མའི་བཀྲ་བརྟག་ཐབས། སྡེ་བརྒྱད་སྤྱིའི་གནད་ཁྱད་པར་གྱི་གནད་དང་བཅས་པ། ཞུས་ལན་གནད་ཀྱི་ཐུར་མ། རྨི་ལམ་བརྟག་པ་ཤེལ་གྱི་མེ་ལོང་། ཡིག་སྣ་ཀུན་ཐུབ། ཐོད་ངན་ཀུན་ཐུབ། རྒྱ་གསུམ་བཀྲོལ་བའི་མན་ངག་ཤོག་གཅིག་མ་རྣམས་སློབ་དཔོན་པདྨས་མཛད་པ་སྟེ་སྙན་