[A:163]ཀྱི་ཕྱག་ལེན་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་མཐའ་སྤྱོད་དང་བཅས་པ། རྣམ་འཇོམས་བིར་ལུགས་ལྷ་བདུན་བཅུ་རྩ་ལྔའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་དབུ་ཕྱོགས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་དང་། རྗེ་བཙུན་ག་ཡ་དྷ་ར་ནས་བརྒྱུད་པའི་གུར་གྱི་མགོན་པོའི་རྗེས་གནང་བྱ་ཚུལ་ཀུན་མཁྱེན་གྱིས་མཛད་པ་ཡང་ཐོས། ཡང་མུས་ཆེན་ཐུགས་རྗེ་དཔལ་བཟང་གི་རྣམ་ཐར་དང་། མཁན་ཆེན་དབང་ཕྱུག་དཔལ་བཟང་གི་རྣམ་ཐར་གཉིས་ཀྱི་ལུང་ཡང་ཐོས་སོ། །ཡང་རྗེ་ཚར་ཆེན་གྱི་མགུར་འབུམ་ཡོངས་རྫོགས་ཆབ་ཤོག་དང་བཅས་པ། རྗེ་མཁྱེན་བརྩེ་བའི་མགུར་འབུམ། ཚེའི་རིག་འཛིན་བརྙེས་པ་ཏ་ར་བ་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པའི་ལུང་ཡང་ཐོས་སོ། ༈ །རྗེ་ནགས་དགོན་པ་སྦྱིན་པ་གྲགས་པའི་དྲུང་དུ། གོང་གི་ཐོབ་ཡིག་ཆེན་མོར་མ་འདུས་པའི་ཆོས་ཀྱི་བཀའ་དྲིན་ནོས་པའི་རྣམ་གྲངས་ལ། རྒྱལ་ཐང་པ་བསམ་གཏན་འོད་ཟེར་ནས་བརྒྱུད་པའི་དམ་པའི་ཆོས་བདུད་ཀྱི་སྤྱོད་ཡུལ་བྱིན་རླབས་དང་བཅས་པ་ཉམས་ཁྲིད་དུ་ནོས་ནས། དེའི་རྒྱབ་ཆོས་པོད་ཆུང་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བདུད་གཅོད་ཟབ་མོ་དོན་གྱི་ཉིང་ཁུ། གཏམ་རྒྱུད་མུ་ཏིག་འཕྲེང་བ། དབང་བསྐུར་བྱིན་རླབས་རྒྱ་མཚོ། དོན་ཁྲིད་ཡིད་བཞིན་ནོར་བུ། ཉམས་ལེན་དངོས་གྲུབ་ལག་བཅང་། གེགས་སེལ་གནད་ཀྱི་ལྡེ་མིག བོག་འདོན་ཡོན་ཏན་གཏེར་མཛོད། མན་ངག་ཟ་འོག་རས་མ། ལྷན་ཐབས་དགོས་འདོད་ཀུན་འབྱུང་རྣམས་ཐོབ་པའི་བརྒྱུད་པ་ནི། རྒྱལ་ཐང་པ་བསམ་གཏན་འོད་ཟེར་