R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 164
[A:164]ནས། རྗེ་ནགས་དགོན་པའི་བར་རིམ་པར་བརྒྱུད་ནས། དེའི་དྲུང་དུ། ས་སྐྱ་པ་ཨ་ནནྡས་ཐོས། ཡང་བརྒྱུད་པ་ལུགས་གཅིག་ནི། རྒྱལ་ཐང་ནས་རིམ་པར་བརྒྱུད་དེ། རྗེ་བུདྡྷ་བ། རྗེ་ཨ་ནནྡ་པ། རྗེ་ཨརྻ་དེ་ཝ། རྗེ་ཨ་ཝ་དྷུ་ཏི། དེ་ལས་ཀྱང་ས་སྐྱ་པ་ཨ་ནནྡས་ཐོས་སོ། ༈ །རྗེ་དབང་ཕྱུག་རབ་བརྟན་ཀྱི་དྲུང་དུ། ཐོབ་ཡིག་མ་མོར་མ་འདུས་པའི་དམ་པའི་ཆོས་ཐོབ་ཚུལ་གྱི་རྣམ་གྲངས་ལ། གནོད་སྦྱིན་བག་ཚེ་བའི་མན་ངག་ཆོས་སྐོར་ཡོངས་རྫོགས་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། བེག་གདོང་ལྕམ་དྲལ་བྱུང་ཚུལ་གྱི་ལོ་རྒྱུས། སྒྲོལ་གྱིང་དམར་པོའི་གནད་ཀྱི་གདམས་པ། མ་རུ་རྩེ་བཤན་པ་སྒྲོམ་བྱེད་ཀྱི་རྒྱུད། དམར་པོ་ཁྲག་གི་མདའ་འཕེན་མའི་རྒྱུད། ཕོ་སྒྲུབ་བཤན་པ་དམར་པོའི་དྲག་སྔགས། མོ་སྒྲུབ་བཤན་པ་དམར་མོའི་སྒྲུབ་ཐབས། བཤན་པ་ཡབ་ཡུམ་སྦྲགས་པའི་སྒྲུབ་ཐབས། བཤན་པ་དམར་པོའི་སྒྲུབ་ཐབས་རྒྱས་པ། དམར་པོ་ཁྲག་གི་མདའ་འཕེན་མའི་འཁོར་ལོའི་མན་ངག བཤན་པ་དམར་པོའི་བསད་པའི་ལས་སྦྱོར། བཤན་པ་དམར་པོའི་སྔགས་ཀྱི་མན་ངག ལྷ་དབྱེའི་ལས་སྦྱོར། བཤན་པ་དགུ་བསྐོར་གྱི་སྒྲུབ་ཐབས་སློབ་དཔོན་པདྨས་བསམ་ཡས་སུ་གཏེར་དུ་སྦས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་ནས་སྤྱན་དྲངས་པའི་ཆོས་སྐོར་ལས་ལོ་རྒྱུས་ཀྱི་ཡི་གེ བཤན་པ་དགུ་བསྐོར་གྱི་སྒྲུབ་ཐབས་རྒྱས་པ། བཤན་པ་དགུ་བསྐོར་གྱི་སྒྲུབ་ཐབས་འབྲིང་བསྡུས་ལས་སྦྱོར་གྱི་རིམ་པ། དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་མན་ངག དྲག་པོ་བཙན་གྱི་རྐྱལ་འབུད་ཀྱི་ཞལ་ཤེས། དྲག་པོ་བཙན་གྱི་རྐྱལ་