[A:146]སྒང་པ།
མཁྱེན་རབ་ཐུགས་རྗེའི་མངའ་བདག་འཇམ་དབྱངས་ནམ་མཁའ་དབང་ཕྱུག་རིན་ཆེན། དྲུག་བཅུ་རེ་གཉིས་བཞུགས། ཞབས་དྲུང་ཁྲི་རིན་པོ་ཆེའི་མཁན་པོ། འཁྲུངས་ས་དགེ་ལུང་པ།
ཐུགས་སྲས་དམ་པ་བརྩོན་འགྲུས་འོད་ཟེར། འཁྲུངས་ཡུལ་བྱང་ཁང་གསར་བ། དགུང་གྲངས་དྲུག་ཅུ་རེ་གཉིས་པ།
མཁས་གྲུབ་ཆེན་པོ་འཇམ་དབྱངས་སངས་རྒྱས་བཀྲ་ཤིས། ལོ་ཕུ་མོ་ཡན་པ།
རྗེ་ལ་རུ་པ་བྱམས་པ་དཔལ། དེས་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་བརྒྱུད་པ་ནི། ནམ་ཟ་པ། ཆོས་རྗེ་དཀོན་མཆོག་རྒྱལ་བ། ནམ་ཟའི་དབོན་པོ་ཡིན་གསུངས།
ས་སྐྱ་བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས། དགུང་གྲངས་དོན་བདུན་བཞུགས།
འཇམ་དབྱངས་གྲགས་པའི་དཔལ། དགུང་གྲངས་ང་ལྔ།
བདག་ཆེན་དཔལ་ལྡན་ཆོས་སྐྱོང་། དགུང་གྲངས་དོན་བཞི།
རྗེ་གྲུབ་ཆེན། དགུང་ལོ་དོན་བཞི་བཞུགས།
ཆོས་ཀྱི་རིན་ཆེན་མན་སྔར་བཞིན་ནོ། ༈ །ཡང་ན་