R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 147
[A:147]ས་པཎ། ཚོགས་བསྒོམ་པ། ཉན་ཆེན་པ། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་མ་ཏི་པཎ་ཆེན། ཐེག་ཆེན་མན་སྔར་བཞིན་ནོ། ༈ །ཡང་ན་ཐེག་ཆེན་ཆོས་རྗེ། ཀུན་མཐིང་ནམ་མཁའ་བཟང་པོ། ངག་དབང་ཆོས་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། རྗེ་གྲུབ་ཆེན་མན་གོང་ལྟར་རོ། ༈ །ཡང་མུས་སྲད་པ་ནས་བརྒྱུད་པའི་ལུགས་ནི། བླ་མ་དམ་པའི་སློབ་མཆོག རྗེ་དཔལ་ལྡན་ཚུལ་ཁྲིམས། རྗེ་གཟུངས་ཀྱི་དཔལ་གཉིས་ཆར་ལ། རྗེ་བཟང་པོ་རྒྱལ་མཚན་པས་གསན། དེ་ལ་རྗེ་རྒྱལ་མཚན་དཀོན་མཆོག དེ་ལ་གཙང་བྱམས་པ། དེ་ལ་ས་ལུང་པ་མཁན་ཆེན་ཤེས་རབ་རིན་ཆེན།
དགུང་ལོ་བརྒྱད་བཅུ་གྱ་གྲངས་གསུངས།
དེ་ལ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པས་གསན། དེ་མན་གོང་ལྟར་རོ། ༈ །གྲུབ་ཆེན་ཆོས་རྗེའི་
ལོ་བུ་འདེབས་མཁན།
ལམ་འབྲས་གསན་པའི་བླ་མ་ནི། ཨཱ་ནནྡ་པ་དང་།
བཞུགས་