R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༠བ
[A:༡༥༠བ] །ལམ་གྱི་གེགས་ལས་ཐར་བར་ཤོག །མངྒ་ལཾ་བྷ་ཝནྟུ། ཞེས་པ་དེ་རྣམས་ཀྱི་འཕྲོས་དོན་ཅུང་ཟད་བརྗོད་པ་བཤད་ཟིན་ནས། དེ་དག་གིས་ནི་བསྟན་བཅོས་ཆེན་པོ་ལུགས་གཉིས་གསལ་བའི་ཉིན་བྱེད་མ་ཚང་བ་མེད་པར་བསྟན་ཟིན་ཏོ།། །།འདིར་སྨྲས་པ། རྒྱུད་སྡེ་བྱེ་བའི་གསང་མཛོད་ཀུན་གྱི་བདག །འཁྲུལ་མེད་ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱི། །གསང་སྔགས་ཟབ་མོའི་བསྟན་འཛིན་ངོར་རྫོགས་གཉིས། །ཞེས་གྲགས་དམ་པའི་སྐྱེས་ཆེན་རྣམས་ལ་འདུད། །སྔོན་ཚེ་མང་ཐོས་དཔྱོད་ལྡན་བློ་གསལ་རྣམས། །གོང་མའི་གསུང་རབ་འཆད་ཉན་སྒྲུབ་པས་བྲེལ། །དེང་སང་དཔྱོད་ལྡན་སྐྱེས་བུར་རློམ་རྣམས་ཀྱང་། །དོན་མེད་འདིར་སྣང་བྱ་བས་མི་ཚེ་སྐྱེལ། །དེ་ཕྱིར་བདག་བློ་བརྩོན་པའི་དེད་དཔོན་གྱིས། །ཡོངས་འཛིན་མཁས་པའི་གྲུ་ལ་རྟེན་བྱས་ཏེ། །གསུང་རབ་རྒྱ་མཚོ་ཆེན་པོར་ལེགས་ཞུགས་ནས། །ལེགས་བཤད་རིན་ཆེན་ལེན་ལ་བརྩོན་པར་གྱུར། །དིང་སང་འདི་ན་ཅོལ་ཆུང་བླུན་པོ་འགའ། །སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་ལས། །གང་དྲན་ལག་ལེན་གྲོལ་བར་རློམ་པ་དག །མཚར་དུ་འཛིན་པའི་རྨོངས་པ་འགའ་མེད་དམ། །དེ་ལྟ་ན་ཡང་རང་ཉིད་བསྟན་འགྲོའི་དོན། །རླབས་ཆེན་བསྒྲུབ་ཕྱིར་འདི་ཕྱིའི་དོན་མཐའ་དག །ཡིད་ལ་རེ་བ་ཇི་བཞིན་ཀུན་འགྲུབ་པར། །བླ་མར་གསོལ་འདེབས་ཁོ་བོའི་དགེ་སྦྱོར་ལེགས། །ཚད་ལྡན་ས་སྐྱའི་རྗེ་བཙུན་གྲུབ་མཐའི་སྲོལ། །ཅུང་ཟད་འདྲ་མིན་རྗེས་འཇུག་མཁས་པ་ཡིས། །སོ་སོར་བཤད་པའི་ལེགས་བཤད་འདི་ལྟོས་དང་། །ལུགས་གཉིས་བཞེད་སྲོལ་མཐའ་དག་རྟོགས་པར་འགྱུར། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་