R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དྲི་མ་མེད་པ་དགེས་མཛད་རྡོ་རྗེ་མན་ངག་ལུགས་ཞེས་ཡོངས་སུ་གྲགས་པའི་ལམ་སྲོལ་རྨད་དུ་བྱུང་བ་འདི་ཉིད་ལ། ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་གྱི་གཙུག་རྒྱན་ངོར་རྫོང་རྣམ་གཉིས་ཀྱི་མཁས་པ་སོ་སོའི་གྲུབ་མཐའི་བཞེད་སྲོལ་མི་འདྲ་བ་དུ་མ་ཞིག་སྣང་བ་ལས། འདིར་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་རགས་རིམ་ཞིག་བློ་གསལ་རྣམས་འཇུག་པ་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་སྡེབ་སྟེ་སྤེལ་བ་ལ་དོན་གསུམ་སྟེ། གསུང་ངག་འཆད་དུས་སྣང་གསུམ་གྱི་སྔོན་དུ་དབང་བསྐུར་ངེས་པར་འགྲོ་དགོས་པ་དང་མི་དགོས་པའི་རྣམ་གཞག་བཤད་པ། སེམས་བསྐྱེད་ཀྱི་བརྒྱུད་པ་དང་སློབ་མ་རྗེས་བཟུང་ལ་གྲངས་ངེས་ཡོད་མེད་སོགས་དོན་ཚན་བརྒྱད་ཀྱིས་བཞེད་ལུགས་མི་འདྲ་བའི་རྣམ་དབྱེ་བཤད་པ།ང ཚོགས་ཀྱི་