R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢བ
[A:༢བ]ལ། །མཁས་པའི་ཕུལ་ཕྱིན་དཀོན་མཆོག་ལྷུན་གྲུབ་དང་། །བྱང་ཆུབ་སྒྲུབ་པའི་རྣམ་དཔྱོད་བློའི་ནོར་བུ། །དབང་གི་རྒྱལ་པོ་གང་ལ་མངའ་དེ་རྒྱལ། །ཡོངས་རྫོགས་བསྟན་པའི་བདག་པོའི་ཆོས་སྲིད་དཔལ། །སྲིད་མཐར་རྒྱུན་ཆད་མེད་པར་སྤེལ་མཛད་པའི། །སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ། །བཀའ་དྲིན་དྲན་པས་ལན་བརྒྱར་ཕྱག་བགྱི་འོ། །གང་ཐུགས་དུས་གསུམ་རྒྱལ་བར་རོ་གཅིག་ཀྱང་། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་སྐུ། །གཅིག་ཆོག་རྒྱལ་པོ་རྗེ་བཙུན་བུདྡྷའི་མཚན། །བདག་གི་སྙིང་དབུས་འབྲལ་མེད་རྟག་བཞུགས་མཛོད། །ས་སྐྱའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི། །བཞེད་སྲོལ་ཀུན་ལ་ཕྱོགས་མེད་བདག་དད་པས། །མཁས་དབང་སོ་སོའི་ལེགས་བཤད་སྙིང་པོའི་དོན། །བསྡུས་ཏེ་སྤེལ་ལ་བདག་ཡིད་སྤྲོ་བ་སྐྱེས། །འདིར་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་