R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ། ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་འཆད་པ་ལ། སྤྱིར་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་ལ་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་རོང་རྣམ་གཉིས་དང་། ཟབ་མོ་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པ་ལ་ངོར་རྫོང་རྣམ་གཉིས་ཞེས་ཡོངས་སུ་གྲགས་པའི་ངོར་རྫོང་གཉིས་ནི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱན་མཚན་གྱི་སློབ་མ་དག་ནས་གྱེས་པ་ཡིན་ཏེ། དེའང་ཆོས་རྗེ་དེ་ལ་སྤྱིར་སློབ་མའི་མཆོག་སྔགས་ཀྱི་རྒྱལ་ཚབ་གཉིས། གསུང་ངག་འཛིན་པའི་ཐུགས་ཀྱི་སྲས་མཆོག་བརྒྱད། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཞི། ཡོངས་སུ་གྲགས་པའི་མཁས་མཆོག་བཅུ་ལ་སོགས་པ་མང་དུ་བྱོན་པའི་གསུང་ངག་འཛིན་པ་བརྒྱད་ཀྱི་ནང་ཚན་རྫོང་ཆུང་པ་སྔགས་འཆང་