R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༠༠
[A:༡༠༠]སུ་བཅུག་བར་སྐབས་སུ་ཞལ་ངོ་ཉག་ཕྲ་བ་ལ་བརྟེན། ཤར་པས་ཁྲི་བསྐོར་བཅུ་གསུམ་ལ་ལུང་གཏོང་བ་བྱུང་། བླ་མ་བདག་ཉིད་ཆེན་པོའི་སྲས་བསོད་ནམས་བཟང་པོ་མདོ་ཁམས་སུ་གྲོངས། དབུས་གཙང་དུ་ཇོ་མོ་བདུན་བླངས་པའི་ཀུན་དགའ་འབུམ་གྱི་སྲས་ཀུན་དགའ་བློ་གྲོས་ཧོར་ཡུལ་དུ་བྱོན་ནས་བུ་ཡན་རྒྱལ་པོ། གི་གན་རྒྱལ་པོ། ཡེ་སུན་ཐེ་མུར་གསུམ་གྱི་ཏི་ཤྲི་མཛད། མ་གཅིག་ཡོན་བདག་མོའི་སྲས་ཆེ་བ་ཆུང་ངུའི་དུས་གྲོངས། ཀུན་དགའ་ལེགས་འབྱུང་གི་ཡེ་སུན་ཐེ་མུར་ཀུན་དགའ་རྒྱལ་མཚན་གྱིས་རཏྣ་ཤྲཱི་དང་ཐོ་གན་ཐི་མུར་གྱི་བླ་མར་ཧོར་ཡུལ་དུ་བྱོན། མ་གཅིག་ནམ་མཁའ་རྒྱལ་མོ་ལ་སྲས་ནམ་མཁའ་བཤེས་གཉེན། ནམ་མཁའ་ལེགས་པ། ནམ་མཁའ་རྒྱལ་མཚན་གསུམ་བྱུང་བའི་ནམ་མཁའ་ལེགས་པས་གདན་ས་ཆེན་པོའི་ཁྲི་ཐོག་ཏུ་བཞུགས། མ་གཅིག་གཞོན་ནུ་འབུམ་ལ་ཀུན་དགའ་ཉི་མ། དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གསུམ་འཁྲུངས་པའི་ཆོས་རྗེ་བླ་མ་ནི། རིག་པའི་གནས་མཐའ་དག་ལ་ཕུལ་དུ་ཕྱིན་ཞིང་རྡོ་རྗེ་འཛིན་པའི་ས་ཆེན་པོ་ལ་མངའ་བརྙེས་པས་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་པ་ལ། ཁྱད་པར་གོང་མ་སྡེ་སྲིད་ཕག་མོ་གྲུ་པའི་ཡོངས་འཛིན་དུ་གྱུར་པས་ཁྱད་པར་འཕགས། མ་གཅིག་ཉི་མ་རིན་ཅེན་ལ་ཉི་མ་དཔལ། ཀུན་དགའ་ལེགས་རྒྱལ། ཀུན་དགའ་རྒྱལ་མཚན་གསུམ་འཁྲུངས། ཀུན་སྤངས་ལྕམ་མོ་ལ་བློ་གྲོས་རྒྱལ་མཚན་དང་། ཁང་གསར་དཔོན་མོ་ལ་བསོད་ནམས་བློ་གྲོས་དང་གྲགས་པ་རྒྱལ་མཚན་གཉིས་འཁྲུངས། དེ་ཡང་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས་གཅུང་པོ་རྣམས་ལ་བླ་བྲང་བཞི་སོ་སོར་བགོས་ཏེ་གནང་བས། མཁས་བཙུན་ནམ་མཁའ་ལེགས་པའི་སྲས་ཏ་དབེན་ཀུན་དགའ་རིན་འབྱུང་། དེ་ལ་བཙུན་མོ་གཉིས་ལས་ཆེ་བའི་སྲས་གུ་ཤྲི་བློ་གྲོས་རྒྱལ་མཚན་ཆུང་བའི་སྲས་སློབ་དཔོན་གྲགས་པ་བློ་གྲོས་དང་། ཀུན་