R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༡༢
[A:༡༡༢]པ་ཆེར་མ་བྱུང་བའི་ངང་དུ་གྲོངས། གཅུང་ཆོས་ཀྱི་རྒྱལ་པོས་སྤུ་ལུང་བཟུང་བའི་སྲས་དབོན་རིན་ཅེན་ཕུན་ཚོགས་ནི་རྒྱ་བོད་ཀྱི་མཁས་གྲུབ་འགའ་ཞིག་གི་སྐྱེ་བ་གསལ་བར་དྲན་ཞིང་གདན་སར་བྱོན། རཏྣའི་མིང་ཅན་འགྲོ་བའི་ཁ་ལོ་སྒྱུར། ། ཞེས་པའི་ལུང་བསྟན་དང་མཐུན་པར་མངའ་ཐང་གོང་དུ་འཕེལ། འདིའི་རྗེས་སུ་ཕག་མོ་ནས་དབོན་རིན་པོ་ཆེ་གདན་སར་བྱོན། ཐོག་ཁ་ནང་སོས་ཀོང་དམག་དྲངས། འབྲི་གཙང་སྲིད་དུ་བསྒྲིལ་བ་དང་། གོང་མ་སྡེ་སྲིད་ལ་འབངས་གྱེན་ལོག་གི་རྣམ་པ་མཛད་པ་ལ་བརྟེན་དུས་མི་བདེ་བ་མང་དུ་བྱུང་། དེ་རྗེས་ཟུར་པའི་སྲས་རྗེ་ཆོས་རྒྱལ་ཕུན་ཚོགས་རྒྱལ་པོ་གཙུག་ལག་འཛིན་གྱི་སྤྲུལ་པར་གྲགས་ཤིང་། དེ་ལ་སྲས་རྗེ་བཀྲ་ཤིས་ཕུན་ཚོགས་རྗེ་དྲུང་དཀོན་ཅོག་ཡན་ལག་གི་སྤྲུལ་སྐུ། རྗེ་དཀོན་ཅོག་རིན་ཅེན། རྗེ་དཀོན་ཅོག་ཕུན་ཚོགས་བཞི་ལས། ད་ལྟ་ཆོས་རྗེ་རིན་པོ་ཆེ་དཀོན་ཅོག་ཕུན་ཚོགས་གདན་སར་བཞུགས་ཏེ་ཆོས་སྲིད་ཀྱི་མངའ་ཐང་གི་རྒྱུན་གནས་སོ༎ ༈ དེ་ལྟར་གོང་དུ་སྨོས་པ་བཞིན་ཁྲི་སྐོར་གཞན་རྣམས་ཀྱིས་འབྲི་གུང་དང་ཚལ་པའི་མངའ་ཐང་དཔལ་འབྱོར་ལ་འགྲན་པར་མི་ནུས་ནའང་། སྣ་དཀར་རྩེ་པས་འབྲོག་ཁྲི་དཔོན་གྱི་ལུང་དང་ལག་རྟགས་ལོན་ཞིང་། འབྲི་གུང་དུ་གླིང་ལོག་གཏོང་བའི་ས་སྐྱའི་དཔོན་ཆེན་ཨང་ལེན་ཞེས་མགོན་པོ་གུར་གྱི་སྤྲུལ་པར་གྲགས་པའི་དཔའ་རྟགས་ཀྱི་གྲགས་སྙན་ཅན་དེ་ཡང་འདིའི་ཞལ་ངོ་ཡིན། སྡེ་པ་བསྟན་འཛིན་པའི་དུས་རིན་པོ་ཆེ་ལས་གྲུབ་པའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལས། རྟེན་འབྲེལ་གྱི་སྒོ་ནས་མྱང་འདས་མཆོད་རྟེན་གྱི་ཚབ་ཏུ་མཆོད་རྫས་ཀྱི་རིམ་པ་བཞེང་བ་སོགས་རྣམ་དཀར་གྱི་དགེ་ལས་ཆེ་ཞིང་། ཡར་འབྲོག་སྟག་ལུང་གི་བཙན་རྫོང་ཡང་འདི་ཉིད་ཀྱི་དུས་བསླངས་པས་ཆོས་སྲིད་གཉིས་ཀ་ནས་གྲགས་ཆེ། གཙོ་བོར་དཔལ་ལྡན་ས་སྐྱ་པ་དང་། ཆོས་རྗེ་བོ་དོང་པའི་བསྟན་པ་ལ་ཕུ་དུད་མ་དམད་པ་མཛད། གྲུབ་མཐའ་གཞན་དག་ལའང་ཀུན་སློང་