R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 7b
[A:7b]ལ་གཤེགས། དེའི་ཕྱིར་ལོ་ལྕགས་ཕོ་སྟག་ལ་འགྲོ་མགོན་ཕག་མོ་གྲུ་པ་འཁྲུངས། དེས་རེ་གཅིག་ལོན་པའི་ལྕགས་ཕོ་སྟག་ལ། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་འཁྲུངས། དེས་དྲུག་ཅུ་རེ་གཅིག་ལོན་པའི་ལྕགས་ཕོསྟག་ལ། གྲུབ་ཐོབ་ཨཱུ་རྒྱན་པ་འཁྲུངས། དེས་རེ་གཅིག་ལོན་པའི་ལྕགས་སྟག་ལ། བུ་སྟོན་ཨིན་པོ་ཆེ་འཁྲུངས།དེས་རེ་གཅིག་བཞེས་པའི་ལྕགས་སྟག་ལ། རིན་པོ་ཆེ་གཡག་པ་འཁྲུངས། དེས་བཞི་བཅུ་ཞེས་དགུ་བཞེས་པ་ས་ཕོ་སྟག་ལ། མཁས་གྲུབ་དོན་ཡོད་དཔལ་འཁྲུངས། དེ་དིང་སང་བརྒྱད་ཅུ་གྱ་གཉིས་པའི་སྟེང་ན་བཞུགས་པ་ཡིན་ནོ༎ འདི་ཙམ་ཁོ་ནས་སྔོན་བྱོན་པའི༎ བསྟན་འཛིན་སྐྱེས་བུ་མང་པོ་ཡི༎ རྣམ་ཐར་ངང་གིས་ཤེས་གྱུར་ནས༎ ཡིད་རབ་དང་བ་རིམ་གྱིས་འདྲེན༎ ཚིག་ཉུང་དོན་མང་བརྗོད་བདེ་ཞིང་༎ དཔྱོད་ལྡན་ཚོགས་པའི་གྲལ་དག་ཏུ༎ མང་པོ་མཀུ་ཞིང་ཡ་རབས་སུ༎ མཚོན་བྱེད་གཙུག་ལག་འདི་བྱས་སོ༎ ཞེས་རྔོག་ལོ་ཙ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པ་མདོ་ཙམ་དུ་བྱ་བ། ངོ་མཚར་གཏམ་གྱི་རོལ་མོ་ཞེས་བྱ་བ་འདི་ནི། ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོ་ནས། ཆོས་ཀྱི་རྗེ་བསོད་ནམསལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱི་གསུང་གི་རྔོ་བོ་ཆེས། ཉེ་བར་བསྐུལ་བའི་ངོར་བགྱིས་ནས༎ ཡུལ་དབུས་ཀྱི་སྡེ་སྣོད་འཆད་པའི་སློབ་དཔོན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པར་གྲུབ་པའི། ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ༎ སརྭ་མཾངྒ་ལཾ༎