R495: རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ།

  • Pagination (Witness A): 4a
[A:4a]ཉན་སྟོད་འདུལ་ཆུང་། དེ་ནས་བོ་དོང་། དེ་ནས་ཕྱིར་རིམ་གྱིས་གཤེགས་ཏེ། ལྷ་ས་ལ་སོགས་པ་དབུ་རུ་དང་། གཡོ་རུ་འི་ས་ཕྱོགས་སུ་རེ་མོས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ༎ བདག་ཉིད་ཆེན་པོ་འདི་འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་པ་ནི། འདི་ནས་བྱང་ཕྱོགས་གངས་འགྲམ་དུ༎ བློ་ལྡན་གང་ཞིག་འབྱུང་འགྱུར་བ༎ ང་ཡི་བསྟན་པ་འཛིན་བརྩོན་ཕྱིར༎ ཡི་གེའི་སྒྲ་དང་བཤད་བྱ་ལ༎ བློ་གྲོས་ཐོགས་པ་མེད་པ་འབྱུང་༎ འཇམ་དཔལ་རྩ་བའི་རྒྱུད་ལས་ལུང་བསྟན་པཞེས་གསུངས་ལ། མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས་ནི། ཤར་ཕྱོགས་རྒྱ་མཚོར་བསྟེན་ནས་ནི༎ དེ་ནས་འབྲོག་གི་མཐར་ཐུག་པར༎ བློ་ལྡན་ལོ་ཧི་ཏ་འགྲམ་པ༎ དེ་མིང་ཤེས་རབ་མཐར་གནས་ཤིང་༎ བྱང་དུ་དེ་བཞིན་ཁ་བ་ཅན༎ མགོན་པོ་མངོན་པར་འབྱུང་བའི་རྒྱུདཞེས་གསུངས་པར་གྲགས་སོ༎ བཤེས་གཉེན་གྲོ་ལུང་པ་ནི། མདོ་སྡེའི་རྒྱན་ལས། བློ་བཟང་སྐྱེ་བ་མེད་ལྡན་བརྩེ་བ་ཅན༎ སྙན་པར་རབ་གྲགས་ཚོ་ག་བཟང་ཤེས་ལྡན་པ་ཡིན༎ བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ༎ བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ༎ མདོ་སྡེའི་རྒྱན ཞེས་གསུངས་པ་འདིས། བདག་ཉིད་ཆེན་པོའི་མཚན་དོན་ཉིས་ཀ་ངོས་བཟུང་བ་ཡིན་ནོ། ཞེས་འཆད་དོ༎ འདིའི་གྲུབ་པའི་མཐའ་རགས་པ་ནི། བྱམས་པའི་ཆོས་དང་པོ་བཞི་དྲང་དོན་དང་། རྒྱུད་བླ་མ་ངེས་དོན་དུ་འཆད། ཐོགས་མེད་སྐུ་མཆེད་ལ་ཚད་མར་འཇོག་ཅིང་། བློ་བརྟན་དང་། སེང་གེ་བཟང་པོ་ལ་འཐུན་པའི་སྐབས་རང་སོར་བཞག་ནས། མི་མཐུན་པའི་སྐབས་རྣམས་འགོག་པར་བྱེད། སྡེ་བདུན་མཛད་པའི་མཐར་ཐུག་གི་དགོངས་པ། ཀླུ་སྒྲུབ་དང་འཐུན་ཞིང་། ངེས་དོན་གྱི་ངོས་འཛིན་ཡང་། གཉིས་སྟོང་མེད་དགག་གི་ཆ་ལ་འཆད། ཆོས་མཆོག་དང་། རྒྱན་མཁན་པོ་ལ། མི་མཐུན་པ་འགོག་ཅིང་། འཐུན་པ་རྣམས་དེའི་ལུགས་བཞིན་དུ་