[A:1]།[B:1]༄༅། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ་ཞེས་བྱ་བ་བཞུགས་སོ། །
[B:1a]༄༅། །རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བའི་དེབ་ཐེར་གསར་མ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲིམས་གཉིས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །
མཁྱེན་གཉིས་གསེར་གྱི་འཁོར་ལོ་ཡིས། །
འཇིག་རྟེན་གསུམ་ལ་དབང་བསྒྱུར་ཞིང་། །
ཕས་རྒོལ་བདུད་བཞི་ལས་རྒྱལ་བ། །
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་འདུད། །
ལོ་རྒྱུས་ནོར་བུའི་དཀོར་མཛོད་ཉིད། །
ལེགས་པར་ཕྱེ་ནས་ལུགས་གཉིས་ཀྱི། །
ལོ་རྒྱུས་སྨྲ་འདོད་མཐའ་དག་[B:2]ལ། །
རྒྱལ་རབས་འཕྲུལ་གྱི་ལྡེ་མིག་བྱིན། །
དེ་ལ་འདིར་ས་ཆེན་པོ་སྐྱོང་བའི་རྒྱལ་རབས་མདོ་ཙམ་བརྗོད་ན་ལྔ་སྟེ། རྒྱ་གར་གྱི་རྒྱལ་རབས།
ཤམ་བྷ་ལའི་རྒྱལ་རབས། བོད་ཀྱི་རྒྱལ་རབས། རྒྱ་ནག་དང་ཧོར་གྱི་རྒྱལ་རབས། བོད་དུ་རྒྱ་ཧོར་གྱི་ལུང་བྱུང་ཚུལ་ལོ། །