R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 2
[A:2] མང་པོས་བཀུར་དང་འོད་མཛེས་དང་། ། དགེ་བ་དགེ་མཆོག་གསོ་སྦྱོང་འཕགས། ། བསྐལ་པ་དང་པོའི་རྒྱལ་པོ་ལྔ། ། ང་ལས་ནུ་དང་འོད་མཛེས་དང་། ། ཉེར་མཛེས་མཛེས་ལྡན་ཉེར་མཛེས་ལྡན། །[B:2a] འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ། །ཞེས་པ་ལྟར་གྱི་དང་པོ་དྲུག་ནི་འཆགས་བསྐལ་གྱི་དུས་སུ་བྱུང་ལ། ཉེར་མཛེས་ལྡན་གྱི་བུ་བཟང་པོ་ནས་མིང་སྨོས་སུམ་ཅུ། དེ་རྗེས་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་། དེ་ནས་རྒྱལ་པོ་ལྔ་ཁྲི་བཞི་སྟོང་ཡུལ་དམག་གིས་མི་ཚུགས་པར། དེ་ནས་རྒྱལ་པོ་དྲུག་ཁྲི་སུམ་སྟོང་ཡུལ་ཝཱ་རཱ་ཎ་སཱིར། དེ་ནས་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡུལ་ཀ་པི་ལར། དེ་ནས་རྒྱལ་པོ་སུམ་ཁྲི་ཉིས་སྟོང་ཡུལ་གླང་པོའི་གྲོང་། དེ་ནས་རྒྱལ་པོ་ལྔ་སྟོང་ཡུལ་རྡོ་འཇོག དེ་ནས་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་བྲང་གི་ཉལ་བར། དེ་ནས་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར། དེ་ནས་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀན་ཏྱ་ཀུསྫར། དེ་ནས་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙ་མ་པར། དེ་ནས་ཉིས་ཁྲི་ལྔ་སྟོང་གྲོང་[B:3]ཁྱེར་ཏ་ལའི་ཕྲེང་བར། དེ་ནས་ཁྲི་ཉིས་སྟོང་གྲོང་ཁྱེར་མ་ལིར། དེ་ནས་ཁྲི་བརྒྱད་སྟོང་བ་སོའི་གྲོང་དུ། དེ་ནས་ཉིས་ཁྲི་ལྔ་སྟོང་རྒྱལ་པོའི་ཁབ། དེ་ནས་ཉིས་ཁྲི་ཝཱ་རཱ་ཎ་སཱིར། དེ་ནས་བརྒྱད་