R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 50
[A:50]ཀུན་དགའ་རྒྱལ་མཚན། ཀུན་[B:50a]དགའ་ལེགས་པའི་རྒྱལ་མཚན། ཀུན་དགའ་ཉི་མའི་རྒྱལ་མཚན། དོན་ཡོད་རྒྱལ་མཚན། བསོད་ནམས་རྒྱལ་མཚན་དང་བཅུ། གཞན་གཞོན་ནུ་ལ་གཤེགས་པ་གཉིས་དང་བཅུ་གཉིས་འཁྲུངས། བསོད་ནམས་བཟང་པོའི་སྲས་དབང་རཏྣ། ཀུན་དགའ་རྒྱལ་མཚན་རབ་ཏུ་མ་བྱུང་གོང་གི་སྲས་ཆོས་ཀྱི་རྒྱལ་མཚན་དང་། བློ་གྲོས་རྒྱལ་མཚན་གཉིས། དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་ལ་སྲས་བསོད་ནམས་དང་གྲགས་པ་རྒྱལ་མཚན་གཉིས། མཁས་བཙུན་པའི་སྲས་བླ་མ་ཀུན་རིན་པ། ཆོས་ཀྱི་རྒྱལ་མཚན་པའི་སྲས་ཐེག་ཆེན་ཀུན་བཀྲས་པ་སོགས་སོ། །དེ་ཡང་ཆོས་རྗེ་ས་སྐྱ་པས་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེའི་སྲོག་བཟུང་སྟེ། ས་སྐྱ་པ་ཞེས་པའི་སྒྲ་ཆེན་པོ་ཕྱོགས་ཀུན་[B:51]ཏུ་བསྒྲགས་པའི་སྙན་པ་གསན་ཏེ། ཉིད་ཀྱིས་དགུང་ལོ་རེ་གསུམ་བཞེས་པའི་ཤིང་འབྲུག་ལ། རྒྱལ་པོ་ཆེན་པོ་གོ་ཏན་གྱིས་ཚེ་རིངས་གནམ་གྱི་ཤེ་མོང་ལས་རྒྱ་བསོད་ནམས་དཔལ་གྱིས་མངོན་པར་མཐོ། རྒྱལ་པོ་ངེད་ཀྱི་ལུང་། བོད་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་ཟློ་བ། ཞེས་སོགས་ཀྱི་ཆབ་ཤོག་གསེར་ཡིག་པ་དང་བཅས་པ་མངགས་ནས་གདན་འདྲེན་དུ་བཏང་བ་ལས། འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུ་བཞེས་པ་དང་། ཕྱག་ན་དྲུག་ལོན་པ་ཞིག་ཕྱག་ཕྱིར་ཁྲིད་དེ་གོང་དུ་བྱོན། རྒྱལ་པོ་བློན་འབངས་འཁོར་བཅས་ཐེག་པ་ཆེན་པོའི་ཆོས་ཀྱིས་ཚིམ་པར་མཛད། བདུན་ཅུ་བཞེས་པའི་ལྕགས་ཕག་ལ་བྱང་ངོས་སྤྲུལ་པའི་སྡེར་
མེ་ཏོག་ར་བའི་སྡེ་དང་གཅིག
སྐུའི་བཀོད་[B:51a]པ་བསྡུས། དེའི་ཚེ་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་བདུན་བཞེས།