R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 51
[A:51]བཅུ་དགུ་པ་ནས་སེ་ཆེན་རྒྱལ་བུར་བཞུགས་པའི་བླ་མཆོད་མཛད་། ཉི་ཤུ་རྩ་གཅིག་པ་ཤིང་ཡོས་ལ་མེ་ཏོག་ར་བའི་སྡེར་བསྙེན་
འུ་ཡུག་པ་ཆེན་པོ་མ་གཤེགས་ན་དབུས་སུ་མཛད་རྒྱུར་འདུག
པར་རྫོགས། ཉེར་དྲུག་པ་ལྕགས་སྤྲེལ་ལ་སེ་ཆེན་རྒྱལ་སར་ཐོན་པས་གོང་མའི་བླ་མར་གྱུར་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་མཆོད་ཡོན་རྣམ་གཉིས་ཞེས་གྲགས་ཆེ། སོ་གཅིག་པ་ཤིང་གླང་ལ་བོད་དུ་ཕེབས། སླར་ས་མོ་སྦྲུལ་ལ་གོང་དུ་བྱོན་ཏེ་
འདི་རེས་ཤིང་ཁུན་གྱི་ལྷ་ཁང་བཞེངས
ལོ་བདུན་བཞུགས་ནས་ཞེ་གཉིས་པ་མེ་བྱི་ལ་ས་སྐྱར་ཕེབས། དེ་ཡང་སེ་ཆེན་གན་གྱི་རྒྱལ་པོས་བོད་ཆོལ་ཁ་
དབུས་གཙང་ཁམས་གསུམ་ལ་ཟེར
གསུམ་བླ་མ་འཕགས་པ་རིན་པོ་ཆེ་ལ་དབང་ཡོན་དུ་ཕུལ་བ་[B:52]བླ་མས་བླ་མའི་བྱ་བ་མཛད་པ་སྟེ་ཐུགས་དགོངས་མཆོག་ཏུ་བཟང་བས། བོད་ཀྱི་ཆོས་པ་རྣམས་ལ་རང་རང་གི་ཆོས་ལུགས་སྐྱོངས་
དེ་དུས་བོད་ཀྱི་ཆོས་པ་ཐམས་ཅད་ས་སྐྱ་པར་བསྒྱུར་ན ་དབང་ཡོད
ཤིག་པའི་ཧོར་གྱི་འཇའ་ས་བསྒྲགས། དཔོན་ཆེན་ན་རིམ་དུ་བསྐོས་པ་རྣམས་ཀྱིས་འཇིག་རྟེན་པའི་བྱ་བ་བྱེད་པ་སྟེ། དཔོན་ཆེན་ལ་སྔ་བ་ཤཱཀྱ་བཟང་པོ་རྒྱལ་པོའི་ལུང་གིས་བོད་ཆོལ་ཁ་གསུམ་ལ་དབང་བའི་དམ་ཁ་བྱིན་ནས་དཔོན་ཆེན་དུ་བསྐོས། རྒྱབ་གནོན་གྱི་ཁྲིམས་བདག་ངོ་བོ་གོང་རང་ནས་མཛད་དེ། ལུང་བསྒྱུར་བ་དང་ཁྲལ་བསྡུས་སླ་བའི་ཕྱིར་དུ་ཧོར་དུད་བརྩིས་ནས། གཙང་ནས་ལ་སྟོད་ལྷོ་བྱང་ཤངས་པ་གསུམ། ཆུ་ཞལ་མགུར་གསུམ་སྟེ་ཁྲི་སྐོར་དྲུག་དང་། དབུས་ནས་གཡའ་ཕག་ཐང་གསུམ། རྒྱ་འབྲི་ཚལ་གསུམ་སྟེ་ཁྲི་སྐོར་དྲུག་དང་། ཡར་འབྲོག་ཁྲི་སྐོར་ཏེ་ཁྲི་[B:52a]སྐོར་བཅུ་གསུམ་ལ་སོ་སོར་ཁྲི་དཔོན་བསྐོས་ནས་འཇའ་ས་གནང་ཞིང་། ཁྲི་