R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 78
[A:78]པ་བློས་མི་འཁྱུད། ཁྱད་[B:80]པར་ཇོ་བསྟན་ཚོགས་པ་སྡེ་བཞི་དང་དགོས་སུ་ཚོགས་ཆེན་པ་སྟར་ཆགས་སུ་འདེགས་པའི་ཚོགས་གསོག་རྗེ་བཙུན་ཙོང་ཁ་པ་ཆེན་པོ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་པ་ལ་ཆོས་འཁོར་སྔ་ཕྱིར་བསྐོར་བའི་ཞབས་ཏོག་ལྷ་ས་སྨོན་ལམ་ཆེན་མོ་དང་དགེ་ལྡན་སྒྲུབ་མཆོད་ཀྱི་འཕྲལ་ཡུན་གྱི་སྦྱིན་བདག་མཐིལ་ལེན་མཛད་པ། རྗེ་རིན་པོ་ཆེ། སྤྱན་སྔ་ཀུན་སྤངས་པ། མཚུངས་མེད་རིན་གཞོན་པ། མཚལ་མིན་རིན་པོ་ཆེ་བསོད་བཟང་པ། ཀརྨ་རིན་པོ་ཆེ་དེ་བཞིན་གཤེགས་པ་སོགས་དམ་པ་མང་པོ་ལས་གསུང་ཆོས་གསན་ཞིང་གུས་མཆོད་མཛད་པ། རྫོང་ཆེན་རྣམས་ཀྱི་རྫོང་དཔོན་མི་རྒྱུད་དང་བཅས་པ་ཤེས་སུ་འཇུག་པའི་ཤེལ་དམ་གནང་བ་སོགས་ལས། གོང་མ་ཆོས་རྒྱལ་ཆེན་པོ་[B:80a]ཞེས་མཚན་དངོས་མིང་དུ་ཆགས། ཉང་སྟོད་དུ་དམག་ལན་གཅིག་གཉིས་མ་གཏོགས་སྡེ་གཟར་ཆེན་པོ་མཛད་མ་དགོས་ཤིང་། དབུས་གཙང་འཇམ་དར་ཡུག་གཅིག་ཏུ་སོང་བས་མངའ་ཐང་ཤིན་ཏུ་མཐོ། བློན་ཆེན་མགོས་ཆེ་བ་ཡང་། སྣེའུ་པ་དྲུང་ཆེན་ནམ་མཁའ་བཟང་པོ། འོལ་ཁ་བ་བཀྲ་ཤིས་རྒྱལ་མཚན། རིན་སྤུངས་ནམ་མཁའ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། བྲག་དཀར་རྒྱའོ་དང་སྐུ་མཆེད་གསུམ། འཕྱོངས་རྒྱས་པ་དཔལ་འབྱོར་བཟང་པོ༑ བྲག་དཀར་བ་སྤག་ཤི་ཤེས་བཀྲས་དང་། རིན་ཆེན་དཔལ་བ་སྟེ་ཁུ་དབོན་གཉིས། གོང་དཀར་བ་ཨི་ནག་བཞི་འཛོམ། ཡར་རྒྱབ་དགེ་བསྙེན་པ་སྐུ་མཆེད་། བྱ་བཀྲ་ཤིས་དཔལ་བཟང་། རྒྱ་མ་ཁྲི་དཔོན་ཟླ་བ། སྒོམ་ལོག་ཆོས་རྒྱལ། རྩེད་ཐང་དཔོན་དགེ།[B:81] རྩེ་ཤར་པ་རབ་བརྟན་ཀུན་བཟང་འཕགས། རྩེ་ནུབ་པ་སི་ཏུ་བསོད་ནམས་དཔལ། བསམ་སྡེ་བ།