[A:77]དུས་ཟིང་བསླངས་པ་ལ་བཅུ་སྐོར་བ་ཞེས་ཟེར། ཡོ་འཁྱོམས་རེ་ཆེ་ཡོངས་རྩིས་བྱུང་བ། དེའི་ཚེ་མཁན་ཆེན་ཕྱག་རྡོར་བ། རྗེ་རིན་པོ་ཆེ་གཉིས
ཀྱིས་[B:79]དབུས་གཙང་གི་སངས་རྒྱས་ཀྱི་བསྟན་པ་ཕག་མོ་གྲུ་པའི་སྡེ་སྲིད་ལ་རག་ལས་གསུངས་ནས་ཐུགས་དམ་ཟབ་མོའི་འཁོར་ཡུག་ཏུ་བཅུག་ཅིང་། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་བརྩེགས་པས་ཕྱག་རྫས་གཏོས་ཆེ་བ་བསྣམས་ཏེ་ཞུ་འཇགས་མཛད་པས་རིང་དུ་མ་ཐོགས་པར་འཁྲུག་པ་ཞི། དེ་གའི་མོད་ལ། ཏའི་མིང་རྒྱལ་བོ་ཡེ་དབང་གིས་གསེར་གྱི་དམ་ཁ་དང་དབང་གི་འཇའ་ས་གནང་། འདི་དང་དུས་མཚུངས་བ་ལྟ་བུར་འབྲི་གུང་བ། སྣེ་གདོང་པ། གླིང་གསུམ་ལའང་དབང་གི་ལས་ཀ་གནང་བས་བོད་ཀྱི་དབང་བཞི་ཟེར །སླར་ཡང་གོང་ནས་རྒྱལ་པོས་གསེར་ཡིག་པ་མང་པོ་མངགས་ཏེ། ཤེལ་གྱི་དམ་ཁ་དང་ནོར་སྣ་གཏོས་ཆེ་བ་གནང་བ་ནས་བཟུང་སྟེ།
དབང་གྲགས་པ་རྒྱལ་མཚན་ཞེས་[B:79a]སྙན་གྲགས་དབྱར་དུས་ཀྱི་ཆུ་བོ་བཞིན་འབེབས། རྒྱའི་བསྟན་པ་བྱུང་ནས་བོད་དུ་ཤེལ་དམ་གནང་བ་འདི་མིན་པ་མེད་ཚོད་འདུག སྤྱིར་ཁྲིམས་གཉིས་ཀྱི་སྒོ་ནས་ཆབ་སྲིད་དེས་པས་བསྐྱངས་ཤིང་། བཀྲ་ཤིས་སྒོ་མངས་གསུམ་གྱིས་ཐོག་དྲངས་པའི་སྐུའི་རྟེན་དཔག་ཏུ་མེད་པ། གསེར་གྱི་བཀའ་འགྱུར་ཚར་མང་བ། གསེར་དངུལ་འདྲེས་མའི་གཅིག སྣག་ཚང་བྲིས་པ་གསུམ་གྱིས་ཐོག་དྲངས་པའི་གསུང་གི་རྟེན་མཐའ་ཡས་པ། གཙུག་ཏོར་དྲི་མེད་ཀྱི་གཟུངས་གསེར་གྱིས་བཞེངས་པའི་སྙིང་པོ་ཅན་གྱི་ཚ་ཚ་འབུམ་གཏེར་གྱིས་ཐོག་དྲངས་པའི་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་པ། ཐེལ་རྩེད་ཐང་གི་བསྒོམ་གྲྭ་དང་བཤད་གྲྭའི་བདག་རྐྱེན་སོགས་ཆོས་སྡེ་རྣམས་སུ་དགེ་ཚོགས་བསགས་