[A:80]གྲུབ་ཆོས་རྗེས་དགེ་ལྡན་དུ་དུས་འཁོར་ཊི་ཀ་ཆེན་མཛད་པའི་ལོའང་ཡིན། སྲས་དྲུག་པ་སངས་རྒྱས་རྒྱལ་མཚན་པས་མཁར་ཐོག་དགོན་གསར་བཟུང་ནས། རིན་སྤུངས་པའི་སྲིང་མོ་ཞིག་ཁབ་ཏུ་བཞེས་པ་ལ་སྲས་གྲགས་པ་འབྱུང་གནས་དང་། སླར་སྲིང་མོ་ཞིག་ཁབ་ཏུ་བཞེས་པར་སྲས་ཀུན་དགའ་ལེགས་པ་བྱུང་། དེ་ཡང་གྲགས་པ ་འབྱུང་གནས་པ་ཤིང་རྟ་ལོར་དགོན་གསར་དུ་འཁྲུངས། ཆོས་རྒྱལ་ཆེན་པོའི་ཞེ་གཅིག་ལོ ཡིན། བཅོ་ལྔ་པ་ལ་རྩེད་ཐང་གདན་སར་བཞུགས། དེ་ཡང་ཆོས་རྒྱལ་ཆེན་པོ་གཤེགས་[B:82a]པའི་རྗེས་ལ་སྡེ་དཔོན་རྣམས་ཁྲི་ཐོག་ཏུ་ཁུ་དབོན་སུ་བསྐོ་བར་བློ་མི་མཐུན་པ་བྱུང་མཚམས། རིན་སྤུངས་ནོར་བཟང་པས། ཐེལ་དུ་སྤྱན་སྔ་རིན་པོ་ཆེའི་དགོངས་པ་ཞུས་ནས་ཅི་གསུང་བྱས་ན་ལེགས་པའི་བཀའ་གྲོས་བཏོན་པ་ལྟར། དགོངས་པ་ཞུས་པ་ན་སྤྱན་སྔའི་ཞལ་ནས་ཁྲི་ཐོག་ཏུ་བུ་ཆུང་བ་ལས་འོས་མེད། ཁྱིམ་པ་རྒས་པོ་ཞིག་གིས་མི་འོང་གསུངས་བ།
སུས་ཀྱང་འདའ་མ་ཕོད་པར་ཆུ་བྱིའི་མཇུག་དེ་ག་ལ། གདན་ས་གྲགས་འབྱུང་བ་དགུང་ལོ་བཅུ་དགུ་ལོན་པ་ཞིག་རྩེར་ཕེབས་ཏེ། ཆབ་སྲིད་དེས་པས་བསྐྱངས། དེ་ནས་ཤིང་སྟག་གསར་པའི་ཟླ་བ་དང་པོའི་ཉེར་གཉིས་ལ། ཐེལ་དུ་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་པས་ཡབ་ཆེ་ས་རིན་པོ་ཆེ་དཔོན་བློན་བགས་ཡངས་ཏེ་ཁྲི་ཐོག་ཨེ་ཡོང་གི་དགོངས་པས་སྤུན་ཟེད་མང་དུ་མཛད་པ་ལ་དཔགས། ཡར་ ཀླུངཀླུངས་[B:83]མཐིལ་དུ་དུས་ཟིང་ལངས་ཏེ། ཆེ་ས་དཔོན་བློན་མང་རབ་ཡར་རྒྱབ་ཏུ་ཐེགས་དགོས་པ་བྱུང་ཞིང་། དུས་མ་བདེ་བ་ཡང་ཇེ་ཆེར་སོང་། འདི་ལ་སྟག་མོ་སྡེ་གཟར་ཆེན་མོ་ཞེས་པ་དང་།
ཕག་མོ་གྲུ་པ་ནང་ཞིག་པའི་ལོ་ཞེས་ཀྱང་ཟེར། ཤིང་ཡོས་ཀྱི་མཇུག་ཙམ་