[A:96]ཞེས་པས་ཡང་རྩེའི་གཙུག་ལག་ཁང་བཏབ་པ་ནས་སྡེའི་བདག་པོར་སོང་ཞིང་། སྔ་གོང་རྒྱ་ཧོར་ལས་ལས་ཀ་བླངས་པ་མི་འདུག་ཅིང་། མངའ་བདག་ཆོས་སེང་འོད་འབྲི་གུང་ནས་བྱར་དྭགས་ཀྱི་དཔོན་དུ་བསྐོས་འདུག་ཀྱང་། བྱ་བཀྲ་ཤིས་དཔལ་བཟང་པ་ནས་བཟུང་སྟེ། སྣེ་གདོང་ནས་ཁྲི་དཔོན་གྱི་ལས་ཀ་[B:99]བྱིན་པར་འདུག བཀྲ་ཤིས་དར་རྒྱས་པས་ཐུབ་ཆེན་གྱི་གསེར་སྐུ་གཙུག་ལག་ཁང་དང་བཅས་པ་གསེར་གྱི་བཀའ་འགྱུར། མཆོད་རྟེན་ཆེན་མོ་བཞེངས་བ་སོགས་ཀྱི་དགེ་ལས་བཟང་ངོ་མཛད། འོན་ཀྱང་ཆོས་ལུགས་ལ་ཕྱོགས་རིས་ཆེན་པོ་བྱས་པས་སྙན་གྲགས་ཕྱོགས་རེ་བར་སོང་བ་ཡིན་འདུག རིན་སྤུངས་ནམ་མཁའ་རྒྱལ་པོ་
གདུང་རུས་སྒྱེར
བས་ནི་གཙང་རོང་དུ་ཆོས་སྡེ་དང་བྱམས་ཆེན་གྱི་གསེར་སྐུ་ཆེན་མོ་སོགས་བཞེངས།
ནམ་མཁའ་རྒྱལ་མཚན་པས་ཤོག་སྐྱའི་སྟེང་དུ་བསྟན་འགྱུར་བཞེངས།རྩེ ད་ཐང་ན་བཞུགས
བྲག་དཀར་རྒྱ་འོས་ཐེལ་དུ་རབ་ཏུ་བྱུང་སྟེ་དགེ་ལྡན་སྤྱིལ་འཛིན་ཟུལ་ཕུ་མཁན་པོའང་བྱས
དང་སྡིག་སྦྱོང་ལ་ཚོགས་ཆུ་མང་དུ་ལེན་པ་མཛད། ནོར་བཟང་པས་ནི་བྱམས་[B:99a]ཆེན་གྱི་གཙུག་ལག་ཁང་རྟེན་དང་བཅས་པའི་འཕྲོ་མུས་མཛད་དགོས་རྣམས་བསྒྲུབས། ཆོས་ལུགས་ས་དཀར་ལ་མོས་ཀྱང་དགེ་ལྡན་པ་ལའང་དག་སྣང་མཛད། དེ་ཡང་ཁོང་གིས་ཆོས་རྗེ་ངོས་པ་ལ་ཁྲིད་ཞུ་བར་བརྩམ་པའི་ཚེ་བླ་མའི་ཞལ་ནས། ངེད་ཀྱི་འདོད་ས་གསུམ་སྒྲུབ་ན་ཁྲིད་སྟེར་གསུངས། དེ་ལ་ཁོང་གིས་སྒྲུབ་པར་ནུས་ན་དེ་བཞིན་བྱེད་ཞུས། ཁྲིད་ཐོན་པ་ན། བླ་མས་མངའ་ཞབས་ཀྱི་དགེ་ལྡན་པ་རྣམས་ས་སྐྱ་པར་སྒྱུར་བ་དང་། དཀའ་བཅུ་བ་དགེ་འདུན་གྲུབ་དགོན་པ་འདེབས་པའི་མཁར་ལས་འདི་འགོག་པ་དང་། ངོར་དགོན་གསར་ལ་