[A:95]མཆོག་པ་ནི་འཕྱོངས་རྒྱས་པའི་ཞལ་ངོ་ཕྱིས་བྱོན་པ་ལ་ཁ་སྐད་ཆེ། སྡེ་སྲིད་ཁ་ལོ་བསྒྱུར་ཞིང་གསེར་གྱི་བཀའ་འགྱུར་བཞེངས་པ་སོགས་ཀྱང་གྲུབ༑
དེང་སང་གི་སྡེ་པ་སྐུ་མཆེད་རྣམ་པ་ཡང་སྔར་འཁྱུད་བཞིན་ཡོད། བསམ་སྡེ་གྲགས་ཤེ་
ཡུམ་བརྟན་རྒྱུད
བའི་རིང་ཆོས་རྗེ་བློ་བརྟན་པ་དང་ཡོན་མཆོད་དུ་སྦྲེལ་ནས་དགེ་ལྡན་པའི་སྦྱིན་བདག་མཛད། གྲགས་པ་མཐའ་ཡས་པ་ནས་[B:98]དགེ་ལྡན་པ་དང་འབྲེལ་ཆད་ཀྱང་གསེར་གྱི་བཀའ་འགྱུར་བཞེངས་པ་སོགས་དགེ་ལས་བཟང་། གོང་དཀར་བཞི་འཛོམ་པས་ནི་གོང་མ་གྲགས་པ་རྒྱལ་མཚན་པའི་གསུང་བཞིན། གསེར་གྱི་བཀའ་འགྱུར་སོགས་གསུང་རབ་མང་པོ་བཞེངས་པ་དང་། རྗེ་རིན་པོ་ཆེའི་གསུང་རབ་མང་པོའི་པར་བརྐོ་བ་སོགས་མཛད། སྲས་གྲལ་ལྔ་བས་ནི་གོང་དཀར་ཆོས་སྡེ་བཏབ་སྟེ། ལམ་འབྲས་རྒྱུད་པའི་བླ་མ་རྣམས་ཀྱི་སྐུ་འདྲ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་དང་། ས་སྐྱ་པ་ཁུ་དབོན་གྱི་གསུང་རབ་མང་པོའི་པར་བརྐོ་བ་སོགས་མཛད། ཕྱིས་བླ་མ་ཁ་ཡར་བསྟེན་ནས་མ་རྒྱུད་ལ་མཁས་པར་མཛད་ཅིང་རབ་ཏུ་བྱུང་བས་ཆོས་རྗེ་རྡོ་རྗེ་གདན་པ་ཞེས་ཟེར། ཡར་རྒྱབ་རིན་བཟང་པ་ཡབ་ཡུམ་དང་རིན་ཆེན་རྒྱལ་པོ་བ་སྐུ་མཆེད་ཀྱི་རིང་།[B:98a] བྱམས་པ་གླིང་དུ་ཆོས་ཀྱི་འཁོར་ལོའི་མཆོད་རྟེན་བཀྲ་ཤིས་སྒོ་མངས་ཡ་མཚན་ཅན་བྱམས་ཆེན་གྱི་གསེར་སྐུ་རྒྱབ་མཐོ་ལྔ་བཅུ་རྩ་བདུན་ཡོད་པ་དང་བཅས་པ། བྱམས་པའི་གོས་སྐུ་ཆེན་མོ། གསེར་གྱི་བཀའ་འགྱུར། བླ་མ་ལོ་ཙཱ་བའི་དངུལ་གདུང་པདྨ་རྭ་ག་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པ་བཞེངས་ཤིང་སྤྱིར་ཡང་དགེ་འདུན་གྱི་ཞབས་ཏོག་རྔམས་ཆེ་བ་ཡིན་འདུག བྱ་སའི་སྡེ་སྲིད་ནི་བྱ་ཆོས་རྒྱལ་དཔལ་བཟང་