R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 98
[A:98]ཆེན་པོར་གྲགས་[B:101]པ་དེ་བཏང་ཞིང་། དེར་མ་ཟད་སྣེལ་རྒན་དང་ཐུག་འོང་ཟེར་ནས་མཐོ་དམན་ཀུན་གྱི་འཛེམ་པ་ཡིན་འདུག དཔལ་འབྱོར་རྒྱལ་པོ་བ་ནི་བསྟན་པ་དང་བསྟན་འཛིན་གྱི་ཞབས་ཏོག་རྔམས་ཆེ་ཞིང་། མངའ་འབངས་ལ་བྱམས་པས་ཆོས་ཀྱི་རྒྱལ་པོར་བྱེད། མངའ་ཐང་ཡང འབྲི་གུང་རྡོ་ཐེམ་མན། ཁ་རག་རྡོ་བུག་པ་ཅན་ཡན། ཡར་ཀླུངས་ཁྲ་འབྲུག་ཚུན་ཞེས་ལམ་ཡིག་མཛད་ཟེར། དཔོན་ས་ཆོས་ཀྱི་དཔལ་འཛོམས་
བྲག་དཀར་བའི་སྲས་མོ
མས་ཀྱང་གསེར་གྱི་བཀའ་འགྱུར་བཞེངས་པ། རྗེ་ཡབ་སྲས་ཀྱི་གསུང་རབ་མང་པོའི་པར་བརྐོ་བ། དགེ་འདུན་གྱི་ཞབས་ཏོག་སོགས་དགེ་ལས་མང་པོ་གྲུབ། སྲས་སྐུ་མཆེད་གསུམ་ལས་བགྲེས་པ་ངག་དབང་བསོད་ནམས་རྒྱལ་པོ་[B:101a]སྔ་གོང་ནས་གཤེགས་ཤིང་། ངག་དབང་བསོད་ནམས་ལྷུན་པོ་བ་དང་། ངག་དབང་བསོད་ནམས་རྒྱལ་བ་གཉིས་ཀྱི་རིང་ཆོས་ལྡན་གྱི་མཛད་པ་བཟང་པོ་སྔར་མུས་སུ་ཡོད་ན་འང་། བསྟན་པ་སྤྱི་དགོས་ཀྱི་ཆགས་འགྲོས་ལ་རྟེན་སྡེ་སྲིད་ཡོ་འཁྱོམས་དེ་བྱུང་། འོན་ཀྱང་ཕྱག་རྫས་རྔམས་ཆེ་བ་ཆོས་ཕྱོགས་སུ་བཏང་ནས་འབྲས་སྤུངས་སུ་རྗེ་བཙུན་བྱམས་པའི་གསེར་སྐུ་ཆེན་མོ་དང་། གོས་སྐུ་ཆེན་མོ། དངུལ་ལས་གྲུབ་པའི་བློས་སློང་བཞེངས་པ་སོགས་དགེ་ལས་ཡ་མཚན་ཅན་གྲུབ། སྐུ་སྐྱེ་རྒྱལ་བའི་སྲས་མེད་ཀྱང་བདག་མོ་གསུམ་ལ་སྲས་མོ་རེ་རེ་འཁྲུངས། བགྲེས་པའི་སྲས་མོ་ངག་དབང་རྒྱལ་མོ་དགའ་ལྡན་ཁང་གསར་དུ་བྱོན་པ་ལ་ལྕམ་སྲིང་གཉིས་འཁྲུངས་པའི་སྲས་མོ་གོང་དཀར་[B:102]བདག་མོར་བྱོན། སྲས་བསོད་ནམས་རྒྱལ་པོས་གོང་མ་སྡེ་སྲིད་ཀྱི་དམག་དཔོན་ཕྱི་བློན་དང་ཆོས་སྡེ་རྣམས་ཀྱི་ཞབས་ཏོག་མཛད། ཡུམ་གྱིས་ལྷོ་ངོས་ཀྱི་གཙོས་པའི་དགོན་གཞིས་ཁ་