R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 68
[A:68]ཀྱི་རིན་ཆེན་ཟེར་བའི་མཁས་པ་ལས་ཀྱང་གྲུབ་པ་གཙོ་ཆེ་བ་ཞིག་བཞུགས་ཡོད་པར་འདུག་ཅིང། པཎྜི་ཏ་དེ་རང་རའི་ཀུན་མཁྱེན་རོང་པོས་ངའི་ལོ་བདུན་གྱི་གོང་དེ་ལ། དྲང་སྲོང་སྲིན་པོ་རིའི་བདེ་མཆོག་ཕོ་བྲང་དུ། མི་གཡོ་བླ་མེད་སོགས་ཀྱི་དབང་གསན་པའི་བླ་མ་ཡང་ཡིན་པས། པཎྜི་ཏ་དེའི་དྲུང་དུ་བྱོན་ལ། ཁོང་ལ་རྒྱ་གར་གྱི་སློབ་དཔོན་ངག་གི་དབང་ཕྱུག་དངོས་ཀྱིས་གནང་བའི་སྒྲོལ་དཀར་གྱི་ཚེ་གྲུབ་བཞུགས་ཟེར་བས་དེ་ཞུས་མཛོད། རྒྱ་གར་བ་བྱ་བ་རྟེན་འབྲེལ་བརྟག་དཔྱད་ཆེ་ཞིང། གསེར་ལ་གཙིགས་སུ་ཆེ་བས་འདི་དག་ཕུལ་ཟེར་སྔོན་གྱི་བཀྲ་ཤིས་ཁ་ཐགས། སྒོ་ཚད་མ་གསར་པ་དྲི་མ་མེད་པ་ཅིག་དང། གསེར་ཞོ་གསུམ་བྱིན། ལམ་གྱི་རྟ་དང་ཆས་སོགས་ཀྱང་བསྐུར་ནས། ཆུ་བྱང་ལ་བྱས་ཕྱིན་པས། པཎ་ཆེན་ནགས་རིན་བསམ་ཡས་ཀྱི་བྱང་ཆུབ་ཆེན་པོའི་དྲུང་ན་བཞུགས་པ་དང་མཇལ། དེར་ལོ་ཙ་བ་མངའ་རིས་པ་ཡིན་ཟེར་བའི་མཉྫུ་བ་ཟེར་བ་ཞིག་འདུག་པ་ལ་ཞུ་བ་བསྐུར་བས། མཇལ་ཁ་དེ་འཕྲལ་རང་ལ་བྱུང། ཁོང་གིས་བསྐུར་བའི་བཀྲ་ཤིས་ཁ་ཐགས་བཟང་པོ་དེ་ཕྱག་མཇལ་ལ་ཕུལ་བས། འཛུམ་མཛད་ནས་མཧཱ་ཙིན་གྱི་པ་ཊོ་ལ་གསུང་ཕྱག་ཏུ་བཞེས་སོ༎ དེ་ལོ་ཙ་བ་དེས་རྒྱ་ནག་གི་དར་དཀར་པོ་ཡིན་གསུང་ཟེར་བསྒྱུར་བྱུང། དེ་འཕྲལ་ཆོས་འབྲེལ་ཐོག་མ་གྱིས་གསུང་རྣམ་འཇོམས་དང་མཚན་བརྗོད་རྒྱ་སྐད་དུ་ལུང་སྩལ། དེའི་སང་ཉིད་ཤར་ལ་བྱང་ཆུབ་ཆེན་པོའི་དྲུང་དུ། སྦུ་ཚལ་བའི་སྐུ་ངོ་རྣམས་བསྙེན་ནས་ཞུ་བ་ལ་བྱོན་གསུང། ཁོང་དག་ལ་བསྙེན་གནས་ཀྱི་བསླབ་སྟོན་སྩལ་རྗེས། ངེད་ལ་ལོ་ཙ་བ་དེ་བརྒྱུད་ནས་ཁྱེད་རྟེན་གང་ཡིན་གསུང། དགེ་སློང་ཡིན་ཞུས་པས། འོ་ནང་པར་གཞན་ལ་སྟེར་དགོས། ང་ཡང་སྡེ་པ་ཐམས་ཅད་ཡོད་སྨྲ་ཀ་ཡིན་གསུང། བརྒྱུད་པ་གསུངས་པའི་ཀླུ་སྒྲུབ་ཡན་ཡོངས་གྲགས་འདི་ཀར་འདུག། དེར་སཾ་སྐྼ་ཏའི་སྐད་དུ་ལུང་སྩལ། དེར་ལོ་ཙ་བ་