R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༨ན
[A:༩༨ན]དོན་ལ་ད་རེས་རྒྱལ་པོས་ཐུགས་ལ་བཏགས་ནས་བནྡེ་དང་། བོན་པོ་ལ་སོགས་པ་བླ་མཆོད་པ་ཐམས་ཅད་ལ་དམག་ཁྲལ་མེད་པར་བདེ་བར་སྡོད། དེའི་མགོ་གཉེར་དང་བནྡེ་ཐམས་ཅད་ས་སྐྱ་པ་ཤེས་སུ་ཆུག་གསུངས་པའི་ལུང་བྱོན། དེའི་འཇའ་ས་སྐྱེལ་བ་དང་། མི་བརྩི་བ་དང་། སློབ་དཔོན་པ་གདན་འདྲེན་པའི་དོན་སྡོམ་ལ་འབྲུག་མངགས་པ་ཡིན། འདིར་ཆོས་ཀྱི་རྗེ་བཞུགས་པའི་ཚེ་ནའང་རྒྱལ་བུའི་དྲུང་དུ་ཡང་འབྱོན་དགོས་པ་དང་། འཕྲལ་གྱི་བསོད་ནམས་ཀྱི་གཡེང་བས་ངེད་རང་གི་ཡིད་ཚིམ་པའི་ཆོས་ཀྱི་བཤད་ཉན་གྱི་ལོང་མ་བྱུང་བས་ཁྱེད་ལ་ཆོས་ཀྱི་ལུང་མང་དུ་ལེན་པ་དང་། བསྙེན་རྫོགས་ཀྱི་མཁན་སློབ་ཀྱི་ཡ་བ་ཞུ་བའི་དོན་དུ་སྤྱན་འདྲེན་པའི་གྲོས་བྱས་པས། ཆོས་རྗེ་པས་ཀྱང་དེ་འཐད་གསུངས་ནས་བཀའ་ཡིག་ཀྱང་བསྐུར། ངེད་ཀྱིས་ཀྱང་ཞུ་ཡིག་ནན་ཅན་བསྐུར་བ་ཡིན་པ་ལ་བྱོན་མ་ཉན། ཆོས་རྗེ་པ་ཞལ་བཞུགས་པའི་ཚེ་བྱོན་ན་ཆོས་རྗེ་པའང་མཉེས་པར་འདུག གལ་ཏེ་སྐུ་གཤེགས་ནའང་ཁྱེད་བཞུགས་ན་བློ་བདེ་སྙམ་ནས་གདན་དྲངས་པ་ལ་རྐྱེན་ཅི་ཡིན་མ་ཤེས་ཁྱེད་མ་བྱོན་པ་དེ་ཡིན། དེ་ལ་ཅུང་ཟད་ངེད་ཀྱང་ཡིད་ཆད་པར་གྱུར། ད་དུང་ཡང་ཆོས་ཀྱི་རྗེ་ནི་མི་བཞུགས། གཞན་སློབ་དཔོན་མེད་པས་ཁྱེད་ལ་རེ་ཞིང་མཆིས། འདུལ་བ། ཕར་ཕྱིན། ཚད་མ་ལ་སོགས་པའི་ལུང་མང་དུ་ལེན་པ་དང་། ཆོས་རྗེ་པ་ཉིད་སྐུ་གཤེགས་ཁར་ཁྱེད་དགེ་སློང་ཅིག་མ་གྲུབ་པ་དེ་བློ་མ་བདེ། གཞན་བློ་མི་བདེ་བ་མི་སྣང་གསུངས། དེར་ངེད་སྤྱན་སྔ་ན་ཡོད་པ་རྣམས་ཀྱིས་དེ་སྐད་མི་གསུང་བར་ཡུན་རིང་དུ་བཞུགས་པའི་རྟེན་འབྲེལ་ཞིག་བསྒྲིག་པར་ཞུ་བྱས་པས། དེ་ཤིན་ཏུ་