[A:༡༢༡ན]མཁན་སློབ་མི་མཛད་པའི་རྒྱུ་མཚན་ཅི་ཡིན་མ་འཚལ། མི་བགྱིད་པར་གདའ་ཞུས་པས། དེ་ལ་བླ་མ་འདི་ལྟར་ཡིན་ནམ། འདི་ལྟར་ཡིན་ནམ་རྒྱུ་མཚན་འགའ་གསུངས་སོ། །ཡང་ཁྱོད་ཀྱིས་མཚམས་ཀྱི་རིང་ལ་དགེ་སྦྱོར་གྱི་དམ་བཅའ་ཇི་ལྟར་བགྱིས་གསུངས་པས། ནང་མོ་སྔ་བར་ལངས་པ་ནས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་བའི། །ཆོས་སྤྱོད་གོ་རིམ་མ་ལོག་ཅིང་། །སྦྱོར་དངོས་རྗེས་ཀྱིས་ཟིན་པ་ཡི། །ཉིན་ཞག་ཕྲུགས་གཅིག་བྱ་བ་ལ། །ལུས་ཀྱི་སྡིག་པ་སྦྱང་བའི་ཕྱིར། །ལྷ་ཕྱག་ཉིས་བརྒྱ་བསྐོར་བ་དེ། །ངག་གི་ཉེས་པ་སྤང་བ་ལ། །དང་པོ་ལྟུང་བཤགས་བསྒྲུབ་པ་རབ། །དོན་ཞགས་གཟུངས་རིང་བཅུ་བཞིའི་ལུགས། །དཔལ་ལྡན་ངན་སོང་སྦྱོང་བ་དང་། །རྣམ་དག་སྙིང་པོ་ཉི་ཤུ་གཅིག །སྡུད་པ་ཚར་ལྔ་མངོན་རྟོགས་དང་། །མཚན་མང་མདོ་ལྔ་ཚར་རེ་ལྷག །སྙིང་པོ་དེ་བཞིན་གཤེགས་པ་དང་། །ཆོས་སྐྱོང་ཡི་དམ་ལྷ་བཞི་ལ། །བརྒྱ་བརྒྱ་ཡན་ཆད་གྲུབ་ཚད་རེ། །ལྷག་ཆད་སྐྱབས་འགྲོ་གསུམ་ལ་བརྩི། །ཡིད་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར། །དེ་རྣམས་བསམ་པས་ཟིན་པ་དང་། །ཞེན་མེད་སྒྱུ་མའི་སྤྱོད་པ་ཡི། །ལམ་རིམ་ཐུན་རེ་མ་ཆག་ཙམ། །མདོ་རྒྱུད་བསྟན་བཅོས་བལྟ་བ་དང་། །གློ་བུར་དང་ནི་རྒྱུན་གཏོར་སོགས། །གཏོར་མས་ལུས་ངག་ཡིད་གསུམ་གྱི། །སྒྲིབ་པ་སྤྱི་སོར་སྦྱང་བ་ཡིན། །ཡན་ལག་བདུན་པ་ལ་སོགས་པའི། །ཕྲན་ཚེགས་རྣམས་ལ་གྲངས་མི་དགོས། །ཡི་གེ་བརྒྱ་པས་ཐམས་ཅད་ཀྱི། །ལྷག་ཆད་ཉམས་པ་མ་ལུས་བསྐོང་། །དེ་ལྟར་ཉིན་ཞག་ཟླ་བ་ལོས། །ཚེ་ཕུལ་འཆི་ཁར་བྲོད་པ་གཅིག །ཁོ་བོའི་དགེ་སྦྱོར་དམ་བཅའ་