[A:༡༣༡བ]བདུན་མའི་སྒྲུབ་ཐབས། དཀྱིལ་ཆོག རྡོ་རྗེ་སྒྲོལ་མ། སྒྲོལ་མ་ལུས་དཀྱིལ། ཨོ་རྒྱན་སྒྲོལ་མ། འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ། ཕྱག་དྲུག་སྒྲོལ་མ་རྣམས་ཀྱི་སྒྲུབ་ཐབས་རེ། མཎྜལ་ཆོ་ག་འདོན་ཐབས་དང་བཅས་པ་རྣམས་དང་། གསང་འདུས་ལ་མི་བསྐྱོད་པའི་དཀྱིལ་ཆོག འཇམ་པའི་རྡོ་རྗེའི་མངོན་རྟོགས་ཀྱི་བསྡུས་དོན། ཡེ་ཤེས་ཞབས་ཀྱི་ལོ་རྒྱུས། ལྷ་བཅུ་དགུའི་སྒྲུབ་ཐབས་དང་། གཤིན་རྗེ་གཤེད་ཀྱི་སྐོར་ལ། དགྲ་ནག་གི་སྒྲུབ་ཐབས། འཇིགས་བྱེད་རྭ་ལུགས་ཀྱི་དཀྱིལ་ཆོག སྒྲུབ་ཐབས། ཕྱག་དྲུག་པ་ཚོགས་འཁོར་དང་བཅས་པ། ཡང་ཕྱག་དྲུག་པའི་སྒྲུབ་ཐབས། ཕྱག་གཉིས་པའི་སྒྲུབ་ཐབས་གཉིས། སྦྱིན་སྲེག སྐྱོ་ལུགས་ཀྱི་འཇམ་དཔལ་ཞི་ཁྲོའི་སྒྲུབ་ཐབས། གཤེད་དམར་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། ལྷ་ལྔའི་སྒྲུབ་ཐབས། སྒྲུབ་ཐབས་འཇིགས་མེད་རྣམ་རོལ། ལྷན་སྐྱེས་རྣམས་སོ། །སྔགས་ཐུན་མོང་ལ་དགོས་པའི་བླ་མ་ལྔ་བཅུ་པའི་བསྡུས་དོན། རྩ་ལྟུང་གི་འགྲེལ་པ་དམ་ཚིག་རབ་གསལ། རྣལ་འབྱོར་རྒྱུད་ཀྱི་སྐོར་ལ། སྤྱོད་རྒྱུད་ནས་བཤད་པའི་ཚེ་དཔག་མེད་དང་། མི་འཁྲུགས་པའི་སྦྱིན་སྲེག བྱ་སྤྱོད་ཀྱི་སྐོར་ལ། ཕྱག་རྡོར་སྒྲུབ་ཐབས། རྣམ་འཇོམས་སྒྲུབ་ཐབས། འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་གསུམ། སེང་གེ་སྒྲའི་སྒྲུབ་ཐབས། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས། བྱམས་པ། མི་གཡོ་བ། མི་གཡོ་བ་ཕྱག་བཞི་པ། རྣམ་རྒྱལ་གདུགས་དཀར་རྣམས་ཀྱི་སྒྲུབ་ཐབས་རེ་རེ། རི་ཁྲོད་མའི་སྒྲུབ་ཐབས་གཉིས། ཙུནྡ། འོད་ཟེར་ཅན་གྱི་སྒྲུབ་ཐབས་