[A:༡༨༣བ]པར་མཛད་དེ། དེ་ཡང་སྣང་གསུམ་གྱི་ཁྲིད་རྣམས་དགེ་བའི་བཤེས་གཉེན་མང་པོ་དང་ལྷན་ཅིག་ཏུ་གསན་ཅིང་། སྔགས་ལམ་ཚུགས་ནས་དཔོན་སློབ་ཉུང་ཤས་ལ་ཚོགས་བཤད་ཟབ་ཁྲིད་ཀྱི་ཚུལ་དུ་གནང་། དེ་ནས་གསོལ་ཇ་ལྟ་བུ་རེའི་བར་ལ་ཐུན་མོང་མ་ཡིན་པའི་སློབ་བཤད་སྙན་བརྒྱུད་དུ་བཞུགས་པ་རྣམས་རྗེ་འདི་ཉིད་ཁོ་ན་ལ་ཆིག་བརྒྱུད་དུ་གནང་སྟེ། དེ་ལྟར་ལམ་འབྲས་ཡོངས་སུ་རྫོགས་པ་ཞར་བྱུང་དང་བཅས་པ་དང་། ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་དང་། གཞན་ཡང་འདི་དང་འབྲེལ་བའི་བྱིན་རླབས་དང་། ཡིག་ཆའི་ལུང་ལ་སོགས་པ་ཆོས་ཀྱི་སྒོ་དུ་མ་གསན་ཅིང་། གསུང་ངག་རིན་པོ་ཆེའི་བསྟན་པ་རྗེ་འདི་ལ་གཏད་པར་མཛད་པ་དང་། དེའི་སྲས་ཀྱི་ཐུ་བོ་ཞ་ལུ་བ་སངས་རྒྱས་དཔལ་བཟང་དང་། གྲུབ་ཆེན་དཀོན་མཆོག་བློ་གྲོས། ཆོས་རྗེ་བློ་གྲོས་རིན་ཆེན། ཆོས་རྗེ་དཔལ་ལྡན་རྒྱལ་པོ་རྣམས་ལ་ཡང་དབང་དང་བྱིན་རླབས། རྗེས་གནང་། ལུང་མན་ངག་མང་པོ་ཞིག་གསན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །དེ་ནས་མུས་སུ་བཞུགས་པའི་སྐབས་དེར། ཨ་གྲོ་དགེ་གྲགས་བྱ་བ་ཅིག་དང་། དབོན་པོ་ཆོས་དགེ་ཕན་ལ་སོགས་པ་ཁམས་པའི་གྲྭ་པ་འགའ་ཞིག་གིས་ཁམས་ཕྱོགས་ལ་སྐོར་ཅིག་ཕེབས་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འགྲུབ་ཚུལ་སོགས་རྒྱུ་མཚན་ནན་གྱིས་ཕུལ་བས་ཞལ་གྱིས་བཞེས་ཏེ། དེ་བཞིན་གྱི་རྒྱུ་མཚན་སེམས་དཔའ་ཆེན་པོ་ལ་ཕུལ་བ་ན། དེ་བཞིན་གནང་ན་ལེགས་པ་འོང་གསུང་བའི་བཀའ་ལུང་གནང་སྦྱིན་རྫོང་བ་དང་བཅས་པ་གནང་སྟེ། དེ་ནས་སྤྲེའུའི་ལོ་དེའི་སྟོན་ས་སྐྱ་རུ་ཕེབས་ནས། དེ་ནས་དཔོན་སློབ་ཉུང་ཤས་ཤིག་ཁམས་ཕྱོགས་སུ་