[A:༢༠༡ན]འདོན་སྐབས་གང་ཡིན་ལ་མཛད་ཅིང་། དེ་ནས་དགོངས་མོ་ཀྱེ་རྡོར་གྱི་བདག་བསྐྱེད། ལམ་དུས་ཀྱི་དབང་། མདུན་བསྐྱེད་སྒྲུབ་མཆོད་གཏོར་བསྔོའི་བར་དང་། ཆོས་སྐྱོང་གི་སྙིང་པོ་དང་རྩ་སྔགས་བརྒྱ་རྩ་རེ། ནཱ་རོ་མཁའ་སྤྱོད་ཀྱི་བསྒོམ་བཟླས། སྲོད་ལའང་སྲུང་བཟློག་གི་རིགས་དུ་མའི་ཐུགས་དམ་གྱིས་ནམ་ཕྱེད་ཡོལ་བར་དུ་དུས་འདའ། དེ་ནས་ཕྱག་མཆོད་སྨོན་ལམ་ལ་སོགས་པ་མཛད་དེ། གཟིམས་མལ་དུའང་གཙོ་ཆེར་སྒོམ་ཐག་བསྣམས་ནས། སྐུ་རྣམ་སྣང་གི་ཆོས་བདུན་ལྡན་གྱི་སྒོ་ནས་ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་ཤིང་། ཅུང་ཟད་མནལ་མཛད་པ་དེ་དག་ཀྱང་ཐུགས་དམ་ལས་མི་འདའ་བ་སྟེ། ཉིན་མཚན་ཐམས་ཅད་དུ་ཆུ་བོའི་རྒྱུན་ལྟ་བུའི་རྣལ་འབྱོར་བཅུས་དུས་འདའ་བ་མ་གཏོགས། སྒོ་གསུམ་ཐ་མལ་དང་། མ་བསྡམས་པའི་ཀུན་སྤྱོད་དང་སྙོམ་ལས་སུ་བཞུགས་པའི་སྐབས་སྐད་ཅིག་ཀྱང་མི་མངའ་སྟེ། རྗེ་དེ་ཉིད་ཀྱི་གསུང་སྒྲོས་ལས། སྒྲུབ་པ་འཕེལ་ན་གནས་གཅིག་ཏུ། །དམ་བཅའ་བསྲིང་བ་མཆོག་ཡིན་གྱི། །མི་འཕེལ་གནས་དང་གྲོགས་ལོངས་སྤྱོད། །བདུད་ལས་སྤོང་བ་དམ་པའི་ལུགས། །རང་སེམས་ཆོས་དང་མཐུན་གྱུར་ན། །རྟག་ཏུ་སྒྲུབ་པ་ཡིན་མོད་ཀྱི། །རྣམ་གཡེང་ལེ་ལོས་དུས་འདའ་བའི། །ལུས་དབེན་པ་ལ་སྙིང་པོ་མེད། །དེ་ཕྱིར་དགེ་བ་གང་ཡིན་པ། །ཐུན་བཞིར་ངེས་པའི་དམ་བཅའ་དང་། །རྟག་ཏུ་འཆི་བ་བསམ་པ་དང་། །བླ་མའི་མོས་གུས་བདེན་མེད་དང་། །བྱང་སེམས་བསྔོ་བ་རྒྱས་འདེབས་འཚལ། །མི་རྟོག་ཏིང་འཛིན་ལམ་གྱི་མཆོག །འཕེལ་ན་རྒྱུན་དུ་བསྒྲུབ་པར་བྱ། །མི་འཕེལ་རྩོལ་