[A:༢༢༥བ]རྣམས་ཐིམ་པ་ན། ཤིང་མོ་སྤྲུལ་གྱི་ལོ་ཆུ་སྟོད་ཟླ་བའི་ཉེར་བརྒྱད་ཀྱི་ཉིན། བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་བལྟམས་ཤིང་། དེའི་སྐབས་སུ་ཤར་མི་ཉག་གི་པཎྜི་ཏ་གྲགས་པ་རྡོ་རྗེ་བས་གཞོན་ནུ་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་དེས་ཞལ་གྱི་དཀྱིལ་འཁོར་གཟིགས་པ་ན། ཨ་རོཀྵ་དཔལ་ལྡན་ས་སྐྱ་པའི་བསྟན་པའི་རྩ་བ་ཟིན་ཨ་གསུངས་ཤིང་སྐུ་པང་དུ་བཞེས་ནས། རྒྱལ་བའི་ཐུགས་སྲས་སྔོན་སྦྱངས་དགེ་བ་ཡིས། །ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ། །ཆུང་ངུ་ཉིད་ནས་དམ་པའི་སྤྱོད་པ་མཛད། །བུ་ཆུང་འཕགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་། མཚན་རྡོ་རྗེ་རྒྱ་སོགས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་གསོལ་ཏེ། དེ་ནས་པཎྜི་ཏ་དེའི་དྲུང་དུ་དམ་པའི་ཆོས་ཀྱང་མང་དུ་གསན་པར་མཛད་ཅེས་ཐོས་ལ། དེ་དག་གི་སྐབས་སུ་བླ་མ་ལེགས་པ་བཟང་པོ་པ་བྱས་བས་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་འབྲི་ཀློག་ཕུལ་བ་ན། བརྡ་བསྟན་པ་ཙམ་གྱིས་འབྲི་ཀློག་གཉིས་ཀ་ཐོག་མེད་དུ་མཁྱེན་ཅིང་ཡི་གེའི་རིགས་ཀྱང་བོད་ཡིག་མི་ཐེ་བའི་རྒྱ་གར་བའི་ཡི་གེ་རིགས་དྲུག་ཙམ་དང་། མཁའ་འགྲོའི་ཡི་གེ་དང་། ཧོར་ཡིག་གསར་ལ་སོགས་པ་ཡི་གེ་རིགས་མང་པོ་གཟིགས་པ་ཙམ་གྱིས་དགོངས་ཏེ། མདོར་ན་འདྲི་བ་དང་ཀློག་པའི་ཚུལ་ཐམས་ཅད་ལ་མཁྱེན་རབ་ཕུལ་དུ་བྱུང་བས་སྐྱེ་བོ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་པ་ཡིན་ནོ། དེ་ནས་དགུང་ལོ་དྲུག་བཞེས་པ་ན། བདག་ཆེན་རྒྱ་དཀར་ཤེས་རབ་རྒྱལ་མཚན་གྱི་དྲུང་དུ་དགེས་པ་རྡོ་རྗེའི་དབང་། རྡོ་རྗེ་ཕུར་པའི་དབང་དྲག་པོ་སྒྲོལ་བའི་རྗེས་གནང་སོགས་དབང་རྗེས་གནང་མང་དུ་གསན་ཅིང་། སྐུ་