[A:༢༣༠བ]ཕྱི་ནང་གཞན་གསུམ་དཔལ་ལྡན་དུས་འཁོར་ལོ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་སོགས་པའི། །གཙུག་ལག་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །ཅེས་པ་ལྟར་རོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དམ་པ་རྣམས་ལས་ཕྱི་ནང་གི་རིག་གནས་ཀྱིས་བསྡུས་པའི་ཟབ་རྒྱས་དམ་པའི་ཆོས་ཀྱི་བདུད་རྩི་རྣམས་ཕྱོགས་དང་རིས་མེད་པའི་གདུལ་བྱ་བློ་གསལ་དད་འདུན་ཅན་རྣམས་ལ་འཆད་པ་གཙོ་བོར་གྱུར་པའི་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་པའི་ཚུལ་ནི། ཇི་སྐད་དུ། སྔོན་བྱོན་མཁས་གྲུབ་མང་པོས་ཉེར་བསྟེན་པའི། །བགྲང་ཡས་ཆོས་ཀྱི་ཁྲི་ལ་མངའ་མཛད་ནས། །བློ་གསལ་མང་པོའི་རེ་བ་སྐོང་མཁས་པའི། །མགོན་ཁྱོད་གངས་ཅན་བསྟན་པའི་བདག་པོ་ཉིད། །བློ་གྲོས་ལུས་དཀར་གངས་རིའི་རྗེས་འགྲོ་ཞིང་། །གཞུང་མང་འཆད་རྩོད་རྩོམ་པའི་གོམ་སྟབས་ཅན། །སྟོང་ཕྲག་མཁས་བཙུན་བཟང་པོའི་ཁྱུ་མཆོག་དེ། །གུས་པས་བསྟེན་ཁྱེད་ལྔ་རིག་པཎྜི་ཏ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གིས་མཛེས་པའི། །ཡོངས་རྫོགས་བསྟན་པའི་ཁང་བཟང་ཉམས་དགའ་བར། །བསྙེངས་བྲལ་ཐོས་བསམ་སྒོམ་པའི་ཁྲིར་འཁོད་ནས། །སྟོན་པའི་རྒྱལ་ས་འཛིན་ཁྱོད་འོད་སྲུང་ཆེ། །ཕྱི་རིག་གླིང་ཆེན་བཞི་ལ་མངའ་བསྒྱུར་ཞིང་། །ནང་རིག་ལྷུན་པོའི་རྩེ་མོར་བགྲོད་མཁས་པའི། །རྣལ་འབྱོར་དབང་པོ་རྣམས་དང་ལྷན་ཅིག་ཏུ། །ཟབ་མོ་སྒྲོག་ཁྱོད་གྲུབ་པའི་དབང་ཕྱུག་ཆེ། །ཡིད་འོང་མཚན་དཔེའི་རི་མོ་རྣམ་བཀྲ་བའི། །ཐུབ་ཆེན་རྒྱལ་བའི་ཞལ་གྱི་ལྟད་མོ་ནི། །སྐྱོན་བྲལ་ཐུགས་ཀྱི་མེ་ལོང་ངོས་ཡངས་པོར། །ངེས་པར་གཟིགས་ཁྱོད་ས་ཐོབ་སེམས་