[A:༢༦༦ན]རྫོང་གི་མཁན་པོ་གདན་ས་པ་དང་བཅས་པ། གཞན་ཡང་ངོར་ཆེན་དཀོན་མཆོག་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་ཆེན་ཀུན་དགའ་བཀྲ་ཤིས། ཐུབ་བསྟན་རྣམ་རྒྱལ་གྱི་མཁན་ཆེན་བྱམས་པ་རབ་བརྟན། སེམས་དཔའ་ཆེན་པོ་ཆོས་འོད་ཟེར། རྗེ་བསོད་ནམས་ཆོས་འཕེལ། ངམ་རིང་མཁན་ཆེན་སངས་རྒྱས་རྒྱལ་མཚན་དང་རྗེ་ཀུན་དགའ་རྒྱལ་མཚན། ཐུབ་བསྟན་ཡངས་པ་ཅན་གྱི་མཁན་ཆེན་དབང་ཕྱུག་དཔལ་བཟང་། འབྲས་ཡུལ་སྐྱིད་ཚལ་གྱི་མཁན་པོ་ཆོས་རྗེ་གུང་པ། ཆོས་རྗེ་རབ་བརྟན་དཔལ་འབར། གཞན་ཡང་ཇོ་ནང་མཁན་ཆེན་རྗེ་ཀུན་དགའ་གྲོལ་མཆོག ཆོས་ལུང་ཚོགས་པའི་མཁན་པོ་ལུང་རིགས་རྒྱ་མཚོ། དགེ་འདུན་སྒང་པའི་མཁན་པོ་ཤཱཀྱ་རི་དབང་། བྱེ་རྫིང་ཚོགས་པའི་མཁན་པོ་དང་། གཞན་ཡང་བྱང་སྟག་ལུང་མཁན་པོ་སྐུ་མཆེད་གཉིས། གསང་ཕུ་གླིང་སྨད་མཁན་པོ་རིན་ཆེན་འབྱོར་ལྡན། བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། གཞན་ཡང་བྱས་འགྱུར་སྒྲུབ་ཆེན་དགེ་སློང་ཀུན་དགའ་དོན་གྲུབ་དང་། ཀུན་དགའ་དཔལ་མགོན་གཉིས། སྐྱེད་ལྷས་སྒྲུབ་ཆེན་དཔལ་ལྡན་རྡོ་རྗེ། ནཱ་ལེནྡྲའི་མཁན་པོ་སྟོང་ར་ཆོས་རྗེ་ཀུན་དགའ་ལེགས་གྲུབ། ལུམ་པ་ཆོས་རྗེ། ལོ་དགོན་པའི་གདན་ས་པ་འཇུན་པ་ཆོས་རྗེ། གོང་དཀར་རྡོ་རྗེ་གདན་གྱི་སློབ་དཔོན་ཚེ་དབང་བཀྲ་ཤིས། ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་དབུ་མཛད་བྱང་ཆུབ་དབང་རྒྱལ། ཆོས་རྗེ་ལྷ་དབང་བཟང་པོ། ཆོས་རྗེ་གླུ་དབང་གླིང་པ། རྗེ་གསེར་གླིང་པ། སྙན་བརྒྱུད་གདམས་པའི་མངའ་བདག་མཁས་པའི་དབང་པོ་ཚར་པ་ཆོས་རྗེ། གཞན་ཡང་རྗེ་ཀུན་དགའ་ལུང་རིག མངའ་