[A:༢༨༡ན]མཆོག་དཔལ་ལྡན་གྱི་དྲུང་དུ་གཤེད་དམར་ལྷ་ལྔའི་དབང་སོགས་དང་། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་། དམར་པོ་སྐོར་གསུམ་གྱི་རྗེས་གནང་། ཚེ་དཔག་མེད་དཀར་པོའི་རྗེས་གནང་སོགས་དང་། གཞན་ཡང་བདེ་མཆོག་དཀར་པོའི་ཚེ་ཁྲིད། གཤེད་དམར་སྤྲོས་མེད་ཀྱི་ཁྲིད། རྭ་ལུགས་ཀྱི་རྣལ་འབྱོར་བཞིའི་ཁྲིད། རྭ་རྩེ་སེམས་འཛིན། རྩ་དབུ་མའི་ཁྲིད། ཞེན་པ་བཞི་བྲལ་གྱི་ཁྲིད་སོགས་ཟབ་ཅིང་དཀོན་པའི་ཆོས་ཀྱི་རྣམ་གྲངས་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད།
ཡང་སྤྱན་སྔ་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོའི་དྲུང་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་དང་། འདིའི་བླ་མ་བརྒྱུད་པའི་རྣམ་ཐར་རྣམས་ཀྱི་ལུང་། ལམ་འབྲས་གླེགས་བམ་དཀར་ཆག་ནང་བཞིན་གྱི་ལུང་སོགས་དང་། ལམ་ཟབ་སོགས་ཆ་ལག་རགས་རིམ་རྗེས་གནང་ཟུར་བཀའི་རིགས་བགྲང་བ་ལས་འདས་པ་ཞིག་གསན་ཅིང་། གཞན་ཡང་སེམས་དཔའ་ཆེན་པོ་ཆོས་འོད་ཟེར། རྗེ་ལུང་རིགས་རྒྱ་མཚོ། རྗེ་གཞོན་ནུ་བློ་གྲོས། མདོག་ལོ་ཕུ་དང་དགེ་ཆུའི་གདན་ས་པ་གཉིས། གཏེར་སྟོན་རིན་པོ་ཆེ་སོགས་གྲགས་པ་དང་མ་གྲགས་པའི་བླ་མ་དུ་མ་ཞིག་བསྟེན་ནས་བཀའ་གདམས། ཀྱེ་རྡོར། ཆོས་སྐྱོང་གུར་ཞལ། གསང་སྔགས་སྔ་འགྱུར་སོགས་ཀྱིས་བསྡུས་པའི་དམ་པའི་ཆོས་མུ་མཐའ་མེད་པ་ཞིག་གསན་པར་མཛད་ཅིང་། དེར་ཡང་མ་ཟད་བདག་གི་བླ་མ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱལ་མཚན་གྱི་དྲུང་དུ་ཡང་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཡོངས་རྫོགས་ཤིག་གསན་པར་