[A:༣ན]དང་། །གང་དེའི་ཐུགས་སྲས་འཇམ་དབྱངས་སྐུ་མཆེད་ལ། །སྙིང་ནས་ཐལ་སྦྱར་གུས་པས་ཕྱག་འཚལ་ལོ། །ཁྱད་པར་སྔགས་འཆང་རྒྱལ་བའི་རྒྱལ་ཚབ་མཆོག །འཛམ་གླིང་མཛེས་པའི་རྒྱན་གཅིག་སེམས་དཔའ་ཆེ། རྒྱལ་བ་རབ་འབྱམས་མ་ལུས་བསྐྱེད་པའི་ཡབ། །མཉམ་མེད་བཀའ་དྲིན་ཅན་ལ་གུས་བཏུད་ནས། །འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་མཆོག །ས་སྐྱ་པ་ཡི་གདུང་རབས་བྱོན་ཚུལ་གྱི། །རྣམ་ཐར་ངོ་མཚར་རིན་ཆེན་བང་མཛོད་འདི། །འཆད་པར་འགྱུར་གྱིས་དོན་གཉེར་དགའ་བས་ཉོན། །ཅེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅས་ནས་ཉན་པར་གདམས་ཏེ། འདིར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་