[A:༣༡༩ན]སུ་བཅད་པའོ། །དེ་དག་གིས་ནི་འོད་གསལ་ལྷའི་གདུང་རབས་བཤད་པ། དྲི་མེད་འཁོན་གྱི་གདུང་རབས་བཤད་པ། ལྷ་རིགས་འཁོན་ས་སྐྱ་པའི་གདུང་རབས་བཤད་པ། དེ་ལས་གྱེས་པའི་བླ་བྲང་རྣམ་བཞིའི་གདུང་རབས་བཤད་པ། སྐབས་སུ་བབས་པའི་དོན་གཞན་བཤད་པ་སྟེ་དོན་ཚན་ལྔ་ཡོད་པའི་ནང་གི དང་པོ་བཞིའི་སྒོ་ནས་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་པའི་ཚུལ་རྒྱས་པར་བསྟན་ཟིན་ནས། སྤྱི་དོན་ལྔ་པ་སྐབས་སུ་བབས་པའི་དོན་གཞན་བཤད་པ་ནི། སྔར་བཤད་པའི་གདུང་རབས་རིན་པོ་ཆེ་དེ་དག་གི་ནང་ནས་གདན་ས་ཆེན་པོ་འདི་ཉིད་ཀྱི་གདན་རབས་ཇི་ལྟར་བྱོན་པའི་ཚུལ་དེ་ཉིད་བསྟན་པ་སྟེ། འདི་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་ཅུང་ཟད་བཤད་པ་གཉིས་ལས། དང་པོ་ནི་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གདུང་རབས་ཡ་རབས་ཁ་རྒྱན་ལས་ཇི་ལྟར་གསུངས་པ་དང་། དེ་ཉིད་ཀྱི་ཁ་སྐོང་ཅུང་ཟད་དང་བཅས་སྟོན་པ་ལ། འཁོན་སྟོན་དཀོན་མཆོག་རྒྱལ་པོ་བ་རི་བ། །ས་སྐྱའི་བླ་ཆེན་སློབ་དཔོན་རྩེ་མོ་དང་། །རྗེ་བཙུན་གྲགས་པ་ས་སྐྱ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་སློབ་དཔོན་རིན་རྒྱལ་དང་། །དྷརྨཱ་པ་ལ་ཤར་པ་འཇམ་དབྱངས་ཆེ། །བདག་ཉིད་ཆེན་པོ་མཁས་བཙུན་ནམ་མཁའ་ལེགས། །འཇམ་དབྱངས་དོན་ཡོད་འགྲོ་མགོན་བསོད་ནམས་པ། །ཏ་དབེན་བློ་རྒྱལ་ཏ་དབེན་ཀུན་རིན་པ། །གཞི་ཐོག་བློ་རྒྱལ་འཇམ་དབྱངས་ནམ་རྒྱལ་དང་། །ཀུན་དགའ་དབང་ཕྱུག་རྒྱ་དཀར་ཤེས་རབ་མཚན། །བློ་གྲོས་རྒྱལ་མཚན་འཇམ་དབྱངས་ཀུན་དགའི་ཞབས། །ངག་དབང་ཀུན་རིན་འཇམ་དབྱངས་སྐུ་