[A:༣༢༤བ]ནགས་དགོན་པ་ཆེན་པོ་སྦྱིན་པ་གྲགས་པ། གྲུབ་མཆོག་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་བསླུ་མེད་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། src: Sources for his compositionsrc: A partial translation of the colophon is given in Sobisch 2007(pp. 170f.)རྗེ་བཙུན་ས་སྐྱ་པའི་གོང་མ་རྣམས་ཀྱི་རྣམ་ཐར་སོ་སོ་དང་། ཁྱད་པར་གདུང་རབས་ཀྱི་སྐོར་ལ་རྗེ་བཙུན་གྱིས་མཛད་པའི་གདུང་རབས་ཚིགས་བཅད་མ་སོགས་ལུགས་འདི་ལ་མཁོ་བའི་གསུང་རབ་དུ་མ་དང་། གཞན་ཡང་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་གདུང་རབས། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་གདུང་རབས། ཆོས་རྗེ་ཉི་ལྡེ་བས་མཛད་པའི་གདུང་རབས། སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རིན་གྱིས་མཛད་པའི་གདུང་རབས་སོགས་ལ་གཙོ་བོར་བརྟེན་ཞིང་། གཞན་ཡང་མཁས་པ་མང་པོས་མཛད་པའི་གདུང་རབས་ཆེ་ཆུང་དུ་མ་ནས་ལེགས་བཤད་ཀྱི་ཆ་བླང་། རང་ཉིད་ཀྱི་རྩ་བའི་བླ་མ་འབྲེལ་ཚད་དོན་ལྡན་རྣམས་ཀྱི་གསུང་སྒྲོས་ཁྱད་པར་ཅན་རྣམས་ཀྱིས་ཀྱང་མཛེས་པར་བྱས་ནས། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ཉིད་རྩ་བ་བྱས་ཏེ།
དེ་ཉིད་ཀྱིས་དོན་འགྲེལ་གྱི་ཚུལ་དུ་ལེགས་པར་བཤད་པ་འདི་ནི།
དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་སུམ་སྟོང་བདུན་བརྒྱ་དང་དྲུག་ཅུ་