R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༦ན
[A:༣༦ན]དྲུག དོན་ཞགས་ལྷ་ལྔའི་བསྟོད་པ། བླ་མ་བརྒྱུད་པའི་ལོ་རྒྱུས། རྟོག་པའི་ས་བཅད། རྟོག་པའི་ཊཱི་ཀ་རིན་ཆེན་ཕྲེང་བ། མི་གཡོ་སྔོན་པོའི་ཆུ་སྲུང་སོགས་མན་ངག་ཚང་མ། སེང་གེ་སྒྲའི་སྒྲུབ་སྐོར། གཏོར་ཆེན་གྱི་ཆོ་ག སྤྱོད་འཇུག་གི་ཊཱི་ཀ ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་བླག་ཏུ་འཇུག་པ་ལ་སོགས་སྔོན་མེད་པའི་བསྟན་བཅོས་ངོ་མཚར་ཅན་མང་དུ་མཛད་ཅིང་། བླ་མ་འདི་ཉིད་ཀྱིས་མཛད་པ་ཐམས་ཅད་སྡེབ་སྦྱོར་བརླིང་ལ་ཚིག་བབས་ཆེ་བའོ། །སློབ་དཔོན་རིན་པོ་ཆེ་འདིས་མཆན་འདེབས་པར་མཛད་པ་ཡང་བདེ་མཆོག་རྩ་རྒྱུད། བྱིས་པ་བདེ་འཇུག ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་སོགས་ཏེ་མདོར་ན་མཁས་པའི་བྱ་བ་གསུམ་གྱིས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་། གདན་
ཤེས་རབ་རྡོ་རྗེའི་གདུང་རབ་ལས་འབྱུང་།
ས་ལོ་གསུམ་མཛད་ནས་གཅུང་ལ་གདན་སའི་མཐིལ་གཞུག་གཏད་དེ། ཕལ་ཆེར་དབེན་པ་ལ་གཞོལ་བ་མཛད་ནས། དགུང་ལོ་བཞི་བཅུ་ཞེ་གཅིག་པ་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་སྐུའི་བཀོད་པ་གཉིས་སུ་བསྟན་ནས་བདེ་བ་ཅན་དུ་མངོན་སུམ་དུ་གཤེགས་པ་ཡིན་ཏེ། རྗེ་པས་མཛད་པའི་གསོལ་འདེབས་གདུང་དབྱངས་མའི་མཆན་ལས། ཚེས་བཅུའི་དགོངས་རྗེ་བཙུན་སྐུ་མཆེད་སོགས་ཀྱིས་ཚེས་བཅུའི་མཆོད་པ་མཛད། ནང་པར་རྗེ་པས་བྱོན་པས་ན་བཟའ་སྦུ་གུ་ཐིབ་བེ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ལ་བཞུད། གདུང་དབྱངས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས་ན་བཟའི་སྦུ་གུ་ནས་བུང་བའི་སྐད་ལྟ་བུའི་ལུང་བསྟན་ཁྱད་པར་ཅན་བྱུང་ཞེས་མཁས་པ་འགའ་ཞིག་གི་གསུང་རབ་ལས་བཤད་ལ། དེ་བཞིན་དུ་ས་སྐྱའི་རྒན་མོ་