R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༧ན
[A:༣༧ན]བསུས་ནས་ཀྱང་། །དག་པའི་ལམ་ནས་བདེ་བ་ཅན་དུ་གཤེགས། །ཉིད་བདེ་ཁོ་བོ་མི་དགའ་ཅི་ཞིག་བསམ། །ཁྱོད་ཉིད་མཛད་སྤྱོད་ཕྱག་བཞེས་དྲན་པའི་ཚེ། དེ་བས་བདག་ཉིད་སྡུག་བསྔལ་ཆེ་གྱུར་ནས། །ཞི་བའི་ཐབས་ཤིག་མགོན་པོས་གསུང་དུ་གསོལ། །ཞེས་གསུངས་པས། མདོར་ན་ལས་དག་པ་རྣམས་ཀྱི་སྣང་ངོར་ལུས་མ་སྤངས་པར་གཤེགས་པ་དང་། གདུལ་བྱ་ཐུན་མོང་བ་རྣམས་ལ་མྱང་ངན་ལས་འདས་པའི་ཚུལ་བསྟན་པའི་སྒོ་ནས་དག་པའི་ཞིང་གི་མཆོག་བདེ་བ་ཅན་དུ་ཐོགས་པ་མེད་པར་གཤེགས་པ་ཡིན་ནོ། །དམ་པ་འདི་ལས་བསྟན་འཛིན་གྱི་བུ་སློབ་ཀྱང་རང་གི་གཅུང་རྗེ་བཙུན་རིན་པོ་ཆེ་སྐུ་མཆེད་དང་ཞུ་བྱས་དངོས་གྲུབ། རྨོག་སྟོན་ལ་སོགས་པ་འགྲན་ཟླ་དང་བྲལ་བ་དུ་མ་ཞིག་བྱོན་ནས་རྒྱ་མཚོའི་གོས་ཅན་མཛེས་པར་གྱུར་ཏོ། །འདིར་སྨྲས་པ། གང་སྐུ་ཞལ་དཀྱིལ་ཟླ་བ་རྒྱས་པ་ལ། །ཨུཏྤལ་སྤྱན་དང་འཛུམ་མཛེས་མདངས་གསལ་བའི། །སྐུ་ཡི་སྣང་ཆ་མཐོང་ངམ་དྲན་གྱུར་ཚེ། །དྭང་བའི་དད་པས་དབང་མེད་ཡིད་རབ་འཕྲོག །དེ་གསུང་མདོ་རྒྱུད་རྒྱ་མཚོ་ཧུབ་གཅིག་གིས། །ལེགས་གསོལ་སྙིང་པོ་བཀོད་པའི་གསུང་རབ་ཚོགས། །མཐོང་ཚེ་དེ་དོན་རྟོགས་འདོད་རྩེ་གཅིག་པའི། །ནམ་ཡང་མི་གཡོའི་ཏིང་འཛིན་ཉིད་ལ་བཀོད། །དམ་པ་གང་ཐུགས་ཟབ་གསལ་
སྡིག་པའི་མངོན་བརྗོད་
ནོག་བྲལ་བའི། །རང་བཞིན་ཉིད་ལས་ནམ་ཡང་མ་གཡོས་ཞེས། །རྣམ་ཐར་མཐོང་བས་འཇམ་པའི་རྡོ་རྗེ་དང་། །ཐ་དད་མེད་པའི་དབྱིངས་སུ་ཡིད་ཆེས་བསྐྱེད། དེ་ཕྱིར་འཇམ་དབྱངས་དགེ་བསྙེན་ཚུལ་འཛིན་ཁྱེད། །མི་མངོན་དབྱིངས་ནས་ཐུགས་རྗེའི་དཔུང་བསྐྱེད་