R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 262
[A:262]གྲོས། ཁྱབ་བདག་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག འདྲེན་མཆོག་རཏྣ་ཝརྡྷ། ལྷ་མཆོག་སེང་གེ བུདྡྷ་སིངྷ༌། བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང༌། མཁས་དབང་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཁས་བཙུན་གྲུབ་དབང་དམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁན་ཆེན་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ རཏྣ་ཝརྡྷ། དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན་དཀོན་མཆོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་པ་མན་འདྲའོ། །འདིའི་སྒོ་ནས་ཡུལ་ཕྱོགས་ཀྱི་རིམས་ནད་གཅོད་པའི་གཟུངས་ཆོག་ནི། འགྲོ་མགོན་འཕགས་པའི་གསུང་རབ་ཀྱི་ལུང་བརྒྱུད་ལྟར་རོ། །༈། །དྲུག་པ་པདྨའི་རིགས་ཀྱི་ཕོ་ཉ་ནི། ཁྲོ་བོ་སྤྱི་གཙུག་འབར་བ་ལ་སོགས་པ་ནི་མ་བྱུང༌། རིགས་ཀྱི་ཕོ་ཉ་མོ་ནི། འཇིགས་མེད་དཔལ་དང་དབྱངས་ཅན་མ་སོགས་ཏེ། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་དང་ལྡན་པའི་འགྲོ་བ་རྣམས་ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་དགོངས་ནས་ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་སོགས་ཕྱི་རོལ་པའི་ལྷ་རྣམས་སྐུའི་ཆ་ཤས་ནས་ཕྱུང་བའི་སྐབས་དབྱངས་ཅན་མ་ཆེ་བ་ལས་ཕྱུང་བར་བཤད་ཅིང་ངེས་པའི་དོན་དུ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ་ཡིན་ལ། དེ་ཡང་རིགས་མང་དུ་ཡོད་པའི་ནང་ནས་ཤེས་རབ་