[A:327]ཆོས་སྐྱོང༌། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ཨ་པ་ར་ཙིཏྟའི་རྗེས་གནང་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྟོན་པ་རྡོ་རྗེ་འཆང༌། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྟྲ་བྷཱུ་ཏི། ཇོ་བོ་ནཱ་རོ་པ་ཆེན་པོ། སློབ་དཔོན་ཛ་ཝ་རི་པ། སློབ་དཔོན་པྲ་ཝ་ཧསྟི། བལ་པོ་བ་སུ་དྷ་ར། ཇོ་བོ་རྗེ་ཨ་ཏི་ཤ། ལོ་ཙཱ་བ་རིན་ཆེན་བཟང་པོ། པུ་རང་པ་དགེ་སློང་པུཎྱེ་དྷ་རི། རྒྱ་ལྕགས་རི་གོང་ཁ་པ། ཆོས་རྒྱལ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། རྒྱལ་བ་སྟག་ལུང་ཐང་པ། སྐུ་ཡལ་བ། རྗེ་སངས་རྒྱས་ཡར་བྱོན། སངས་རྒྱས་དབོན། ལྷ་རིན་པོ་ཆེ། ཨུ་རྒྱན་མགོན་པོ། རཏྣ་ཨ་ཀ་ར། གྲགས་པའི་མཚན་ཅན། རྗེ་མི་གཡོ་མགོན་པོ། ཀུན་སྤངས་གྲགས་པ། འཇིག་རྟེན་མགོན་པོ། པདྨ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ། རྗེ་སྟག་ལུང་པ་ངག་དབང་རྣམ་རྒྱལ། འདྲེན་མཆོག་ངག་དབང་མཆོག་ལེགས་རྡོ་རྗེ། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ནོར་ཆེན་རིགས་ལ་ནོར་བུ་བཟང་ལ་སོགས། །འཛད་མེད་དབྱིག་གི་རྒྱུན་དུ་བྱིན་བརླབས་པས། །སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བའི་ལྷ། །རྨུགས་འཛིན་གནོད་སྦྱིན་ཞི་དྲག་རྣམ་པ་མང༌། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། ནོར་ཅན་གྱི་རིགས་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་པའོ། །། །ལྔ་པ་རྒྱས་པའི་རིགས་སམ་གླང་པོ་ཆེའི་རིགས་སམ་བན་གླང་གི་རིགས་