R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 328
[A:328]ནི། ལྔས་རྩེན་དང་འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང༌། སྲིན་མོ་ཆེན་མོ་བཞི་ལ་སོགས་པ་རྣམས་ནི་མ་བྱུང་ངོ༌། །དྲུག་པ་འཇིག་རྟེན་པའི་རིགས་ནི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱང་འདིར་ཐོས་པ་མེད་དོ། །རྒྱས་པའི་རིགས་ལ་བུ་ཚ་འཕེན་པ་དང༌། །ལོངས་སྤྱོད་འཕེལ་བ་ལྔས་རྩེན་ལ་སོགས་དང༌། །འཇིག་རྟེན་ལྷ་དང་ལྷ་མིན་སྲོག་སྙིང་ཕུལ། །སྟོན་པས་བྱིན་བརླབས་བཀླགས་པས་དངོས་གྲུབ་སྟེར། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། བྱ་བའི་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་རྣམས་སོང་ནས། རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་བསྟན་པའི་ལྷ་རིགས་ནི་འདིར་མ་བྱུང་ལ། རིགས་ཀྱི་བདག་པོ་ནི་འཇམ་དཔལ་ལ་སོགས་པ་སྟེ། འདིར་པཎ་ཆེན་ཐར་རྩེ་པ་ནམ་མཁའ་དཔལ་བཟང་གིས་མཛད་པའི་མངོན་དཀྱིལ་དང་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་དབང་གི་བརྗེད་ཐོ་བཀླག་ཆོག་ཡིད་ཀྱི་མུན་སེལ་གྱི་སྟེང་ནས། རྗེ་བཙུན་འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། པཎྜི་ཏ་རབ་འབྱོར་བསྐྱངས། སློབ་དཔོན་ཀུན་དགའ་སྙིང་པོ། སློབ་དཔོན་ཤེས་རབ་བསྐྱངས། སློབ་དཔོན་ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། མཁས་པ་བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་