[A:332]འདྲ། ཡང་ན་རཏྣ་ཝརྡྷ་ནས། ལྷ་མཆོག་སེང་གེ སངས་རྒྱས་སེང་གེ ཐར་རྩེ་པཎ་ཆེན་མན་འདྲ། ཡང་ན་ས་པཎྜི་ཏ་ནས། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་བསོད་ནམས་སྐྱབས། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་དཔལ་ལྡན་ཚུལ་ཁྲིམས་མན་འདྲ། ཡང་ན་ངོར་ཆེན་ཀུན་བཟང༌། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཚུངས་མེད་རི་ཁྲོད་པ་ཀུན་དགའ་མཆོག་ལྡན། རྗེ་དཀོན་མཆོག་ལྷུན་གྲུབ་པ་མན་འདྲ། ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་བ། རྒྱལ་བ་ལྷ་མཆོག་སེང་གེ རྗེ་སངས་རྒྱས་སེང་གེ པཎ་ཆེན་མན་འདྲའོ། །འདིའི་སྒྲུབ་ཐབས་ས་པཎ་གྱིས་མཛད་པ་དང༌། རྗེས་གནང་བྱ་ཚུལ་རྗེ་བཙུན་སངས་རིན་གྱིས་མཛད་པའི་ཡི་གེའི་སྟེང་ནས་རྗེས་སུ་གནང་བའང་མཁན་པོ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ལས་བདག་གིས་ཚར་གཅིག་མནོས་སོ། །ལུས་ངག་སྤྱོད་དང་རྩེ་གཅིག་ཏིང་ངེ་འཛིན། །ཆ་མཉམ་སྤྱོད་པ་ལ་དགའི་གདུལ་བྱའི་ངོར། །ལེགས་པར་གསུངས་པ་མ་རིག་མུན་སེལ་ལྷ། །འགྲོ་བ་སྨིན་བྱེད་དབང་དང་རྗེས་གནང་གཉིས། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་གཅིག་པའོ། །། །རྒྱུད་སྡེ་གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ་དེ་ཉིད་འདུས་པ་དང་དཔལ་མཆོག་ལ་སོགས་པ་ནས་བསྟན་པའི་ཡི་དམ་གྱི་ལྷ་མང་དུ་མཆིས་པ་ལས། འདིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་དང་པོས་དངོས་བསྟན། བསྟན་བྱའི་གཙོ་བོ་རྒྱལ་བ་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་པོ་པས་མཛད་པའི་