R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 340
[A:340]ནམ་མཁའ་དཔལ་བཟང༌། བྱམས་པ་ཀུན་དགའ་བཀྲ་ཤིས། མཚུངས་མེད་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཁན་ཆེན་བསོད་ནམས་དཔལ་ལྡན་ནམ། སངས་རྒྱས་བསྟན་པ་གང་ཡིན་བལྟ། དེ་ནས་ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། དེ་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་བཀའ་དྲིན་དུ་སྩལ་ཏོ། །སྨྲས་པ། དམ་ཚིག་སེམས་དཔའི་ལྷ་དང་ཡེ་ཤེས་པ། །ཟུང་འཇུག་མཉམ་སྦྱོར་ཇི་སྲིད་ཕྱག་རྒྱ་བཀྲོལ། །གང་ཚེ་ཡེ་ཤེས་འབྱིན་པ་རྒྱུད་སྡེ་ཡིས། །ངེས་བསྟན་ལྷག་པའི་ལྷ་མཆོག་བཅུ་བཞིའོ། །ཞེས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། རྣལ་འབྱོར་རྒྱུད་ཀྱི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཅུ་གཉིས་པའོ། །། །ལྔ་པ་བྱ་བའི་རྒྱུད་ཤས་ཆེ་བ་དང་རྒྱུད་སྡེ་རིན་པོ་ཆེ་གོང་འོག་ཅི་རིགས་པ་རྣམས་ནས་ལྷ་དཔའ་བོ་གཅིག་པ་སོགས་སྒྲུབ་ཐབས་མང་པོ་གསུངས་པ་རྣམས། སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་མཚོན་པའི་པཎ་གྲུབ་དུ་མས་སྒྲུབ་ཐབས་ཆུང་ངུ་མང་དུ་མཛད་པ་ཐོར་བུ་རྣམས་པཎ་གྲུབ་ཚད་ལྡན་གྱིས་ཕྱོགས་གཅིག་ཏུ་བསྡེབས་པ་སྒྲུབ་ཐབས་བསྡུས་པ་ཞེས་བྱ་བ། རྒྱས་བསྡུས་ཀྱིས་བསྡུས་པ་མིན་ཡང་བྱ་བ་མང་པོ་ཕྱོགས་གཅིག་བསྡུས་ནས་བསྡེབས་པས་དེ་ལྟར་གྲགས་ཤིང༌། བླ་མ་བཻ་རོ་ཙ་ན་རཀྵི་ཏ་དང་དྷ་བྱང་ཆུབ་སེམས་དཔའ་སོགས་ལས་བ་རི་ལོ་ཙཱ་བས་སྒྲུབ་ཐབས་མི་འདྲ་བ་སྟོང་རྩ་གསན་པའི་ནང་ནས་ཟབ་ཅིང་ཐུགས་གཙིགས་ཆེ་བ་དགུ་བཅུ་གོ་དྲུག་ཕྱོགས་གཅིག་ཏུ་བསྡེབས་པའི་