R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 470
[A:470]ཅན། མངོན་ཤེས་ཅན་གྱི་པཎྜི་ཏ་ཡིན།
བི་དྱཱ་བྷ་དྲ་གསུམ་གྱིས་གསན།
་་་་་ས་འདྲེས་པའི་སློབ་མ་ལྔ་ལས་ཤཱནྟི་པ་དང༌། དཔའ་སྲས་གཉིས་ལས་མ་གསན། གཞན་གསུམ་ག་ལས་གསན་པར་བུ་སྟོན་གྱིས་བཤད་དོ། །
གསུམ་ག་ལས་འགོས་ཁུག་པ་ལྷས་བཙས་ཀྱིས་གསན་ཞིང༌།
་་་་་སྔགས་པ་གོས་དཀར་ཅོ་བྲེག་ཅན་ཡིན། དེང་སང་རབ་བྱུང་གི་ཆས་འདྲི་བ་ནི་རྣམ་པར་མ་བརྟགས་པའོ། །
དེར་མ་ཟད་ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན།
་་་་་པཎ་དཀར།
བལ་ཡུལ་ལྗོངས་ཀྱི་ནཱ་ག་ཀོ་ཊི་བི་ཀྲ་མ་ལ་ཤཱི་ལའི་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པ་དཱི་པཾ་ཀ་ར།
་་་་་པཎ་སེར།
རྡོ་རྗེ་གདན་གྱི་མཁན་པོ་ནག་པོ་པ།
་་་་་པཎ་སེར།
ཀངྐ་ལའི་མཁས་པ་ཆེན་པོ་རྒྱལ་བུ་སྤྲིན་
་་་་་པཎ་དཀར།
གྱི་ཤུགས་ཅན།
་་་་་ཟུར་གྱིས་འགོས་ལ་མཐུ་བྱུང་བར་དེའི་གཉེན་པོར་གཤིན་རྗེ་འཆར་ཀ་ཞུས་ནས་བསྒྱུར་བའི་འཆར་ཀ་སྤྲིན་ཤུགས་མར་གྲགས་པ་འདི་ལས་གསན་པ་ཡིན་ནོ།
། རྒྱལ་པོའི་ཁབ་ཀྱི་མཁས་པ་ཆེན་པོ་ཛ་ཧཱུྃ་
་་་་་གསན་ཡིག་ན་ཛ་ཧུ་ཞེས་སྣང༌།
ཞེས་པ་ཞི་བ་བཟང་པོ།
་་་་་པཎ་དཀར།
ཁ་ཆེ་ཁྲི་བརྟན་གྱི་མཁས་པ་ཆེན་པོ་ཙནྡྲ་ཧ་རི་སོགས་པཎྜི་ཏ་བདུན་བཅུ།
་་་་་པཎ་དཀར།
མཁའ་འགྲོའི་བླ་མ་གཉིས་དང་བཅས་པ་ལས་ལོ་ཙཱ་བ་འགོས་ཀྱིས་གསན། འགོས་ལོ་ཙཱ་བ་ནས། འཇད་པ་སོ་རོང་གི་མང་ར་བ་
་་་་་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འཛད་བོ་དོང་གི་ཞེས་སྣང༌།
སེང་གེ་རྒྱལ་མཚན།
་་་་་རབ་བྱུང༌།
འཇད་བྲག་ལྟག་གི་རྔོག་ཡེ་ཤེས་སེང་གེ
་་་་་རབ་བྱུང༌།
དེའི་དབོན་པོ་རྔོག་ཉི་མ་སེང་གེ
་་་་་རྔོག་མུ་ནེ་རབ་ཏུ་བྱུང་བའི་མཚན།
བྲེས་ཆུ་དབར་གྱི་གླན་རྩད་ཚ་ཉི་མ་ལྕམ།
་་་་་སྔགས་པ་གོས་དཀར་ཅོ་བྲེག
དེ་གཉིས་ཀ་ལས་རྔོག་ཨཱརྻ་དེ་ཝ།
་་་་་རྔོག་མུ་ནི་རབ་ཏུ་མ་བྱུང་གོང་གི་སྲས་སྔགས་དཀར།
དེའི་ཞར་ཆོས་པ་སྐྱི་མཁར་འཇུག བྲེས་ཁ་དབེན་ཚའི་རྟག་པ་རིན་ཆེན་གྲགས།
་་་་་རབ་བྱུང༌།
དེ་ལས་བླ་མ་ཐམས་ཅད་མཁྱེན་པ་ཆོས་སྐུ་འོད་ཟེར་གྱིས་རྒྱུད་འགྲེལ་