R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 469
[A:469]གསང་བ་འདུས་པའི་རྒྱུད་ལས་གསུངས་ཤིང་རྒྱལ་བ་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ལེགས་པར་བཀྲལ་བའི་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ལྷ་སུམ་ཅུ་རྩ་གཉིས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར། ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ། གཏོར་ཆོག་འདོད་དགུའི་རྒྱ་མཚོ། རྡོ་རྗེ་སེམས་དཔའི་མཆོད་ཆོག་ཚོགས་གཉིས་རྒྱ་མཚོ། མཆོད་ཕྲེང་མཆོད་སྦྱིན་རྒྱ་མཚོ། བཀྲ་ཤིས་དགེ་ལེགས་རྒྱ་མཚོ་བཅས་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་འདུས་པ་འཕགས་ལུགས་ཀྱི་སྒྲུབ་དཀྱིལ་ཟུར་འདེབས་མཁས་པའི་ཡིད་འཕྲོགཔཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་དབང་གི་མཚམས་སྦྱོར་དང་བཅས་པའི་སྟེང་ནས་དབང་བཞི་རྫོགས་པར་ནོས་པའི་བརྒྱུད་པ་ལ་བཀའ་བབས་བདུན་ལྡན་དུ་བཞུགས་པའི་ཐོག་མར་འགོས་ལུགས་ཀྱི་བརྒྱུད་པ་ནི།
་་་་་རྔོག་ལུགས་ཀྱང་ཟེར།
སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ།
་་་་་མཁའ་འགྲོ་མ་གྲི་ཐོད་ཅན།
རྒྱལ་པོ་བི་སུ་ཀལྤ།
་་་་་རྒྱ་གར་ཤར་ཕྱོགས་ཨོ་ཌི་བི་ཤ
བྲམ་ཟེ་ཆེན་པོ་ས་ར་ཧ། དཔལ་མགོན།
་་་་་རྒྱལ་བས་ལུང་བསྟན་པའི་དགེ་སློང་དཔལ་ལྡན།་་་་་
འཕགས་པ་ཀླུ་སྒྲུབ། དེ་ལ་སློབ་མའི་མཆོག་ཨཱརྻ་དེ་ཝ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ་སྟེ་བཞིས་ཞུས། དེ་བཞི་ཀ་ལས་སློབ་པའི་རྡོ་རྗེ།
་་་་་པཎ་སེར།
དེ་ནས་ནག་པོ་སྤྱོད་པ་བ། ས་འདྲེས་པ་ཆེན་པོ།
་་་་་པཎ་ཕུད་རབ་བྱུང༌།
དེ་ལས་མར་མེ་མཛད།
་་་་་དཱི་པཾ་ཀ་ར།
དེ་ཝ་ཨ་ཀ་ར་ཙནྡྲ།
་་་་་པཎ་དཀའ་ཁྱིམ་པའི་རྟེན་